འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་28ཉིན།

༄༅།།གསེར་དང་དངུལ་གྱི་རྟགས་མ་རེ་རེ་ཐོབ་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་28ཉིན། 15:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།གསེར་དང་དངུལ་གྱི་རྟགས་མ་རེ་རེ་ཐོབ་འདུག
     མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་ཟླ་6ཚེས་28ཉིན་གྱི་ཐོ་རེངས་སུ། 2022ལོའི་རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ཀྱི་སྨི་10ཡི་སྟེགས་བུའི་རྐྱལ་མཆོང་འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཁྲེན་ཡུས་ཞ་ལ་སྐར་མ་417.25ཡི་ཐོག་ནས་གསེར་གྱི་རྟགས་མ་ཐོབ་པ་དང་། ཆོན་ཧུང་ཁྲན་ལ་སྐར་མ་416.95ཡི་ཐོག་ནས་དངུལ་གྱི་རྟགས་མ་ཐོབ་པ་དང་མ་ལེ་ཞི་ཡའི་བདམས་ཐོན་པར་ཟངས་ཀྱི་རྟགས་མ་ཐོབ་པ་རེད།