གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་27ཉིན། 13:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

ཟླ་11ཚེས་24ཉིན། བོད་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རླུང་གློག་རྟེན་གཞི་དང་ཧྭ་གློག་འཕྱོངས་རྒྱས་རླུང་གློག་རྟེན་གཞིའི་དུས་ཐེངས་དང་པོའི་ཀྲའོ་ཝ་150ཡི་རླུང་གློག་རྣམ་གྲངས་ཀྱི་འཕྲུལ་ཚན་ཁག་དང་པོ་བདེ་བླག་ངང་དྲ་སྦྲེལ་གློག་གཏོང་ཐུབ་ནས་ས་གནས་དེ་གའི་ནུས་རྒྱུའི་གློག་ཤུགས་མཁོ་སྤྲོད་འགན་ལེན་ལ་སྒུལ་ནུས་གསར་པ་བསྣན་ཡོད།

རྣམ་གྲངས་དེ་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དུ་གནས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རླུང་ནུས་ཐོན་ཁུངས་འབེལ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ས་ཁུལ་གྱི་ཆ་སྙོམས་རླུང་གི་མྱུར་ཚད་སྐར་ཆ་རེར་སྨི་8ལས་བརྒལ་བ་དང་རྟེན་གཞིའི་འཆར་འགོད་ཀྱི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཀྲའོ་ཝ་500ཟིན་པ་དེ་ནི་བོད་ཀྱིས་སྐྲུན་བཞིན་པའི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་རླུང་གློག་རྟེན་གཞིའི་རྣམ་གྲངས་ཤིག་རེད།