འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་27ཉིན།

༄༅།།ཟླ་བཅུ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་28934ཞིབ་བཤེར་ཐག་གཅོད་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་27ཉིན། 10:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཟླ་བཅུ་པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་གནས་ཚུལ་ཡོངས་བསྒྲགས་བྱས་ཤིང་། བརྡ་ཁྱབ་ལས་མངོན་པར། ཟླ་10པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་28934ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་35193ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་མི་23996ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།

     བརྡ་ཁྱབ་གཞིར་བཟུང་། ཟླ་10པར། རང་འགན་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་མི་ཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ། ལས་དོན་སྒྲུབ་ཁུལ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་གནད་དོན་ཁྱོན་13020ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བསྡོམས་འབོར་གྱི་84.5%བཟུང་ཡོད། སྒྲིག་འགལ་ངང་གྲགས་ཅན་ཁྱད་ལྡན་ཐོན་རྫས་དང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་དང་། སྒྲིག་འགལ་ངང་བཟའ་བཏུང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་བམ་ཡང་ན་ཕན་བདེ་སྤྲད་པའི་གནད་དོན་རིགས་3ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཟླ་དེར་ཞིབ་བཤེར་ཐག་གཅོད་བྱས་པའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན་བསྡོམས་འབོར་གྱི་63.7%དང་། 17.1% 11.4%བཅས་སོ་སོར་བཟུང་ཡོད།

     བརྡ་ཁྱབ་ལས་མངོན་པར། ཟླ་10པར། རྒྱལ་ཡོངས་སུ་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་2དང་། ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་94 རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་1591 ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་27247བཅས་ཞིབ་བཤེར་ཐག་གཅོད་བྱས་ཡོད། དེའི་ནང་ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི་94.2%བཟུང་ཡོད་པ་རེད།