འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་27ཉིན།

༄༅།།ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་དང་ཞུན་བརྡར་ཁྲོད་རྒྱང་འཁྱོལ་ཐུབ་པ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་27ཉིན། 10:26】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཅིན་ཧྲེ།

    ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། “ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་དམ་པོར་དམིགས་ནས་ཆད་སྐྱོན་སེལ་བ་དང་ཞན་ཆ་ལེགས་གཏོང་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་སྤུས་ཚད་མཐོ་པོས་རྒྱུན་མཐུད་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    དུས་རབས་གསར་པ་ཤར་ཚུན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་ཏང་སྲོལ་དང་སྲིད་སྲོལ་གསར་པ་མངོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལམ་ལུགས་ཀྱི་རལ་གྲི་རྣོན་པོས་གཡས་གཞོགས་གཡོན་འདེགས་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕུགས་ཕན་ལམ་སྲོལ་ལ་མཐུན་རྐྱེན་སྦྱོར་བ་སོགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱིས་ཏང་དང་རྒྱལ་ཁབ་སྟོབས་ཆེན་ཡོང་བར་འགན་ལེན་བརྟན་པོ་བྱས་ཡོད་ལ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་བཅོས་སྐྱོང་གི་ནུས་ཕྱོད་ཀྱང་བཏོན་ཡོད།

    རྒྱང་ལམ་གསར་པར། ཁྲིམས་སྲོལ་ལྟར་ཏང་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཇི་ལྟར་གཏོང་དགོས།

    གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཏང་ལ་འཕྲད་པའི“ཚོད་བགམ་ཆེན་པོ་བཞི”དང“ཉེན་ཁ་རིགས་བཞི”ཡུན་རིང་གནས་རྒྱུ་ཡིན་པ་དང་། འཛམ་གླིང་གི་གནས་ཚུལ་དང་། རྒྱལ་ཁབ་ཀྱི་གནས་ཚུལ། ཏང་གི་གནས་ཚུལ་བཅས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་ལས“འགྲན་སློང་ཆེན་པོ་བཞི”འཕྲད་ཡོད། ཁྲིམས་སྲོལ་ལམ་ལུགས་ནི་གནད་དོན་ཐག་གཅོད་བྱེད་ཆེད་ཡིན་པས། སྐྱོན་ཆ་ཞིབ་བཤེར་དང་གནད་དོན་ཐག་གཅོད་ལ་དམིགས་ནས་དུས་བསྟུན་འཕེལ་རྒྱས་ཀྱིས་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    “སྤུས་ཚད”ཀྱི་སྲོག་རྩ་བརྟན་པོར་སྲུང་དགོས་ཤིང་། ལམ་ལུགས་མང་པོ་མི་དགོས་པར་ལེགས་པོ་དང་དངོས་སྒྲུབ་གོ་ཆོད་ཅིག་དགོས། སྣོལ་སྡེབ་རིམ་བརྩེགས་དང་། མཚམས་ཆད་རིམ་ཆད། ལག་ལེན་རྗེས་ལུས་བཅས་སྔོན་འགོག་བྱས་ཏེ། ལམ་ལུགས་རེ་རེ་འཛུགས་ཐུབ་པ་དང་། ལག་ལེན་བསྟར་ཐུབ་པ། དོ་དམ་བྱེད་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

     སྒྲིག་ལམ་བཟོས་ཕྱིན་ལག་བསྟར་ལ་དམ་འཛིན་བྱེད་དགོས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་དོན་དག་མི་བཅས་གསུམ་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པས་ལམ་ལུགས་ལ་ནན་པོར་གཞིགས་ནས་རང་འགན་གཙང་སྒྲུབ་བྱས་ཚེ། ལོ་བརྒྱའི་ཏང་ཆེན་པོར་དེ་བས་གསོན་ཤུགས་འཕེལ་ནས་ངོ་མཚར་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་ཐུབ་ངེས་རེད།