འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་17ཉིན།

༄༅།།《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》(རྒྱལ་སྤྱིའི་དཔར་མ)དང《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ཡིག》(རྒྱལ་སྤྱིའི་དཔར་མ)APECཡི་ཁོངས་མིའི་དཔལ་འབྱོར་སྡེ་གཞིའི་གཙོ་རྒྱུན་སྨྱན་སྦྱོར་ནས་བསྟན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་17ཉིན། 14:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པ་འཚོག་ཉེའི་མཚམས་སུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི་ཆེད་དོན་པར་གཞི《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》(རྒྱལ་སྤྱིའི་དཔར་མ)དང《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ཡིག》(རྒྱལ་སྤྱིའི་དཔར་མ)ཟླ་11ཚེས་15ཉིན་ནས་བཟུང་APECཡི་ཁོངས་མིའི་དཔལ་འབྱོར་སྡེ་གཞིའི་གཙོ་རྒྱུན་སྨྱན་སྦྱོར་ནས་སྟོན་འགོ་ཚུགས་པ་རེད།

《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》(རྒྱལ་སྤྱིའི་དཔར་མ)ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་དང་། སྐུ་ངོ་མས་ཇུས་འགོད། སྐུལ་འདེད་བཏང་གནང་བ་བཅས་ཀྱི་གཏམ་རྒྱུད་བརྗོད་དེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་ཀྲུང་ཧྭའི་རིག་རྒྱུན་འཛིན་སྐྱོང་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་བསམ་གཞིག་ཟབ་མོ་གནང་བ་མངོན་ཡོད་པ་རེད།

《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ཡིག》(རྒྱལ་སྤྱིའི་དཔར་མ)ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་དང་། སྒྱུ་རྩལ་མཁས་ཅན། གཞོན་ནུ་ལོ་ཆུང་སོགས་ལ་སྤྲིངས་པའི་འཕྲིན་ལན་གཅེས་འདེམས་བྱས་ནས་འཕྲིན་ཡིག་རེ་རེའི་རྒྱབ་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་འཁོད་ཡོད་པ་རེད།

དེ་ཉིན་ནས་བཟུང་། 《ཞི་ཅིན་ཕིང་གི་རིག་གནས་ལ་བཅངས་པའི་བརྩེ་བ》(རྒྱལ་སྤྱིའི་དཔར་མ)དང《ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ཡིག》(རྒྱལ་སྤྱིའི་དཔར་མ)ཨུ་རུ་སུའི་ཨེ་ཤེ་ཡ་ཆེན་པོའི་བརྙན་འཕྲིན་ལས་ཁུངས་དང་། ཧན་གོའིOBSཅིང་རེན་བརྙན་འཕྲིན་ལས་ཁུངས། ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགསAPECཡི་ཁོངས་མིའི་དཔལ་འབྱོར་སྡེ་གཞིའི་གཙོ་རྒྱུན་སྨྱན་སྦྱོར་ལས་སྟེགས་སུ་གཅིག་མཇུག་གཉིས་མཐུད་ངང་བསྟན་རྒྱུ་རེད།