འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་17ཉིན།

༄༅།།ཧྲེན་ཀྲེན་གྱིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་དགའ་བསུ་ཞུ་བཞིན་ཡོད་པ། ལེན་ཧྭ་རི་བོའི་སྤྱི་གླིང་གིས་སྒོ་དབྱེའི་ཀྲུང་གོར་བདེན་དཔང་བྱས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་17ཉིན། 14:43】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

པར་རིས་འདི་ནི་ཡུལ་སྐོར་བས་ཧྲེན་ཀྲེན་ལེན་ཧྭ་རི་བོའི་སྤྱི་གླིང་གི་ལྷོ་སྒོའི་མདུན་གྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བརྗོད་བྱ་གཙོ་བོའི་མཛེས་ལྗོངས་སུ་པར་རྒྱག་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཅིན་ཧུང་ཧྭ་ཡིས་པར་བླངས།

ཧྲེན་ཀྲེན་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དཔལ་འབྱོར་འགོ་ཁྲིད་པའི་ཚོགས་འདུ་ཐེངས་33པ་འཚོག་གྲབས་ཡོད་པའི་སྐབས་སུ། ཧྲེན་ཀྲེན་ལེན་ཧྭ་རི་བོའི་སྤྱི་གླིང་ལ་བརྗིད་ཉམས་ལྡན་པའི་ཉམས་གསོ་བྱས་པ་རེད། "རྡོག་རྩ་གཅིག་སྒྲིལ་གྱིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་ལ་མེ་ཏོག་བཞད་པ་"ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་མེ་ཏོག་ལྡུམ་ར་རབ་ཏུ་བཞད་ནས་བྱེད་སྒོ་གཟབ་རྒྱས་ངང་བསུ་བ་ཞུ་བའི་གྲོང་ཁྱེར་གྱི་མཚོན་རྟགས་སུ་གྱུར་ཡོད། 

ཟླ་11ཚེས་16ཉིན། མི་རྣམས་ཀྱིས་ཧྲེན་ཀྲེན་གྲོང་ཁྱེར་ལེན་ཧྭ་རི་བོའི་སྤྱི་གླིང་གི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བརྗོད་བྱ་གཙོ་བོར་བྱས་པའི་མེ་ཏོག་ར་བའི་མདུན་དུ་པར་བརྒྱབ་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཅིན་ཧུང་ཧྭ་ཡིས་པར་བླངས།

ལེན་ཧྭ་རི་བོའི་སྤྱི་གླིང་གི་ཤོག་བྱ་ཐང་ཆེན་གྱི་རྩྭ་ཐང་ཆེན་པོའི་སྟེང་། རིང་ཚད་ལ་སྨི་21ཡོད་པའི་བརྗོད་བྱ་གཙོ་བོའི་མེ་ཏོག་ར་བ་ཆེན་པོ་དེ་སྔོ་ཐིང་ངིར་གོ་རིམ་ལྡན་པ་དང་། མཐོ་ཚད་མི་འདྲ་བའི་ལྟེ་བར་གྱུར་པའི་སྒོར་དབྱིབས་ཀྱི་བང་རིམ་ཡོད། ཁུ་བྱུག་དང་། རྒྱ་སེའི་མེ་ཏོག་སོགས་ཚོན་མདངས་རྣམ་པར་བཀྲ་བ

འི་མེ་ཏོག་བསྟུད་མར་བསྒྲིགས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་དངོས་ཚན་21གིས་ཐུན་མོང་ཐོག་འབད་བརྩོན་དང་། མཉམ་ལས་ཟབ་སྤེལ། དར་རྒྱས་དོན་གཉེར་བཅས་བྱས་པ་མཚོན་ཡོད། ས་གནས་དེ་གའི་གྲོང་མི་དང་ཡུལ་སྐོར་བ་མང་པོས་མཚམས་བཞག་ནས་ཡིད་སྨོན་དང་འདྲ་པར་བརྒྱབ་པ་དང་། མེ་ཏོག་བཞད་པའི་ཁྲོད་དུ་ཚོགས་འདུ་གཟབ་རྒྱས་འཚོག་ལ་ཉེ་བའི་སྐབས་ཀྱི་སྤྲོ་སེམས་འཁོལ་བའི་ངང་ཚུལ་ཚོར་བྱུང་། 

མེ་ཏོག་ལྡུམ་རའི་འགྲམ་དུ་གསར་འགོད་པས་གྲོང་ཁྱེར་ཕྱི་རོལ་གྱི་ཡུལ་སྐོར་བ་འགའ་ལ་བཅར་འདྲི་བྱས་པར། ཁོང་ཚོ་ཚང་མས་མ་གྲོས་གཅིག་མཐུན་ངང་ནས་མཐོང་བའི་ཡུལ་ལྗོངས་དེ་"ཧ་ལས་དགོས་པ་ཞིག་རེད་"ཅེས་བརྗོད་པ་རེད། ཁོང་ཚོས་བལྟས་ན། ཚོན་མདངས་རྣམ་པར་བཀྲ་བའི་མེ་ཏོག་གི་རྒྱ་མཚོ་ཆེན་མོའི་ཐོག་ནས་ཧྲེན་ཀྲེན་གྱིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བྱེད་སྒོར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་མཚོན་ཡོད། 

2012ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲེན་ཀྲེན་ལེན་ཧྭ་རི་བོའི་སྤྱི་གླིང་དུ་ཤིང་སྡོང་འདི་བཙུགས་པ་རེད། ད་ལྟ། རྩ་བ་ཟབ་མོ་དང་ཡལ་ག་རྒྱས་ཡོད། མི་དམངས་ཉིན་རེའི་ཚགས་པར་ཁང་གི་གསར་འགོད་པ་ཅིན་ཧུང་ཧྭ་ཡིས་པར་བླངས།

ཤོག་བྱ་ཐང་ཆེན་ནས་ཡར་འཛེགས་པའི་ལམ་ཕྲན་བརྒྱུད་དེ་རི་རྩེའི་ཐང་ཆེན་དུ་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་དངོས་སུ་བཙུགས་པའི་ཤིང་སྡོང་མཐོན་པོ་འགྱིང་ངེར་ལངས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པས་ཁེངས་ཡོད། ཉེ་བའི་ལོ་ཤས་རིང་། "གདོད་མའི་རེ་སྨོན་གྱི་སྡོང་པོ་"འདི་ཧྲེན་ཀྲེན་གྱི་ས་གཤིན་པོའི་ཁྲོད་དུ་རྩ་བ་ཚུགས་ཤིང་། ཧྲེན་ཀྲེན་གྱིས་བློ་ཐག་རྦད་བཅད་ཀྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་གོམ་པ་སྤོས་པ་བདེན་དཔང་བྱས་པས། ཀྲུང་གོས་སྒོ་འབྱེད་ཟམ་མི་ཆད་པར་རྒྱ་ཆེར་གཏོང་བ་དང་འཛམ་གླིང་ལ་འཁྱུད་པའི་ཡིད་ཆེས་བརྟན་པོ་ཡོད་པ་མཚོན་ཡོད། 

རི་བོ་ཧྲིལ་པོ་ཞིག་གིས་གྲོང་ཁྱེར་གྱི་ཡུལ་ལྗོངས་མཐོང་ཐུབ་པ་དང་། སྡོང་བོ་གཅིག་གིས་སྔར་ཡོད་ཀྱི་འདུན་པ་མཚོན་ཡོད། རི་རྩེར་ལངས་ནས་བལྟས་ན། ཧྲེན་ཀྲེན་གྱི་ལྟེ་བའི་གྲོང་ཁྱེར་གྱི་དཀྱིལ་འཁོར་དུ་ཁང་བརྩེགས་མཐོན་པོར་བསྒྲིགས་ཤིང་། གསོན་ཤུགས་ཀྱིས་ཁེངས་པའི་ཡུལ་ལྗོངས་ཀྱིས་ཁེངས་ཡོད། ཧྲེན་ཀྲེན་གྱིས་བསྒྱུར་བཅོས་སྒོ་འབྱེད་ཀྱི་གདོང་ལེན་པ་ནས་བློ་གཅིག་སེམས་གཅིག་གིས་རྒྱལ་སྤྱིའི་བྱེད་སྒོ་གལ་ཆེན་འདི་གཙོ་གཉེར་བྱེད་པའི་བར་དུ། ཐོག་མཐའ་བར་གསུམ་དུ་སྒོ་འབྱེད་བཟོད་སྒོམ་གྱི་རྣམ་པས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་དང་འཛམ་གླིང་སྦྲེལ་ཡོད། འོད་སྟོང་འབར་བའི་མེ་ཏོག་དང་གྲོང་ཁྱེར་གྱི་མཛེས་སྡུག་མཉམ་དུ་བསྲེས་ཏེ། "འཆམ་མཐུན་མཉམ་གནས་"ཀྱི་ཤར་ཕྱོགས་ཀྱི་བློ་གྲོས་མཚོན་པ་དང་། ཀྲུང་གོས་དུས་རབས་གསར་པར་ཕྱོགས་གང་ཅིའི་ཐད་ནས་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ས་ཁུལ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ཁས་ལེན་མཚོན་ཡོད།