གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་17ཉིན། 13:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་14ཉིན། ཧང་ཀྲོའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཉེར་བའི་ཀྲུང་གོ་རྒྱལ་སྤྱིའི་ཞིང་ལས་ཐོན་རྫས་ཚོང་འདུས་སྐབས་ཉེར་གསུམ་པར(གཤམ་དུ“ཞིང་ལས་ཐོན་རྫས་ཚོང་འདུས”ཞེས་བསྡུ་རྒྱུ)མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་། ཀྲེ་ཅང་ཞིང་ཆེན་མཚོ་སྐྱོར་བཀོད་འདོམས་པུའུ་བཅས་ཀྱིས་མཉམ་དུ“དག་ཞིང་མཚོ་སྔོན། ས་མཐོའི་སྤུས་དག་ཐོན་རྫས”ཀྱི་ཆེད་དོན་འོས་སྦྱོར་འདུ་ཚོགས་འཚོགས་ཏེ། མཚོ་སྔོན་དང་ཀྲེ་ཅང་དབར་ཞིང་ལས་ཐོན་རྫས་ཐོན་ཚོང་འབྲེལ་མཐུད་དང་ཐོན་ལས་མཉམ་ལས་ཀྱི་འབྲེལ་ཟམ་བཙུགས་ནས་ས་གནས་ས་ཐོག་ཏུ་སྒོར་དུང་ཕྱུར་1.77ཟིན་པའི་རྣམ་གྲངས་ལ་ཉོ་ཚོང་གྲོས་མཐུན་བཞག་པ་རེད། མཚོ་སྔོན་གྱི་ཞིང་འབྲེལ་ཁེ་ལས་ཀྱི་འཐུས་མི་དང་དེ་བཞིན་ཀྲེ་ཅང་གི་ཆེད་ལས་ཉོ་སྒྲུབ་ཚོང་པ་དང་བར་ཚོང་བ་80ལྷག་ཙམ་འདུ་་ཚོགས་ལ་ཞུགས་པ་རེད།
འོས་སྦྱོར་འདུ་ཚོགས་ལ་མཚོ་ནུབ་ཀྲོའུ་དང་མཚོ་བྱང་ཀྲོའུ་ཡིས་སོ་སོར་ཞིང་འབྲོག་ཐོན་རྫས་འོས་སྦྱོར་བྱས་པ་དང་མཚོ་སྔོན་གྱི་ཡུལ་དེ་གའི་སྤུས་ལེགས་ཁེ་ལས་2ཀྱིས་སྡིངས་ཆའི་ཐོག་ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་བྱས་པ་རེད། ཀྲེ་ཅང་གི་ཁེ་ལས་5ལ་ཚྭ་འདམ་གཤོང་སའི་འདྲེ་ཚེར་མ་བརྒྱུད་ཚོང་གི་དབང་ཆ་སྤྲད་དེ་འདྲེ་ཚེར་མ་སོས་པའི་ཁྲོམ་ར་རྒྱ་ཆེར་གཏོང་རོགས་དང་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་སྲུང་སྐྱོང་བྱས་པ་དང་། ཐོན་ཡུལ་ནས་ཐད་ཀར་མཁོ་འདོན་དང་ཁུངས་འདེད་ཐོན་ཚོང་གི་བགྲོད་ལམ་བཏོད་ཡོད། ཁེ་ལས་6ལ“མཚོ་སྔོན་གྱི་ཁྱིམ་ཚང་གསོལ་སྟོན”གྱི་གཉེར་སྐྱོང་དབང་ཆ་སྤྲད་དེ་ཚྭ་འདམ་གཤོང་སའི་འདྲེ་ཚེར་མ་སོགས་མཚོ་སྔོན་གྱི་ས་མཐོའི་སྤུས་དག་ཐོན་རྫས་བཟའ་བཅའི་རྒྱུ་ཆ་་གཙོ་བོར་བྱས་ནས་ཁྱད་ལྡན་ཚལ་རིགས་ཞིབ་འཇུག་གསར་སྤེལ་དང་འཛད་སྤྱོད་རྣམ་པ་གསར་གཏོད་ཀྱིས་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཀྱི་སྐྱེ་ཁམས་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་རེད། མཚོ་ནུབ་ཀྲོའུ་དང་མཚོ་བྱང་ཀྲོའུ་ཡིས་ཀྲེ་ཅང་གི་ཁེ་ལས་10ལྷག་ཙམ་དང་འདྲེ་ཚེར་མ་དང་། ཚགས་ཤ་དང་ལུག་ཤ པད་ཁའི་སྣུམ་སོགས་ཐོན་རྫས་ཉོ་ཚོང་གི་གྲོས་མཐུན་དང་ཚན་རྩལ་མཉམ་ལས་རྣམ་གྲངས་ཀྱི་གྲོས་མཐུན་བཞག་པར་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར་1.77ལྷག་ཙམ་ཟིན་ཡོད།
མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་འཁུར་བས། “ཁེ་ལས་སྟོབས་ཆེར་གཏོང་བ་དང་ཞབས་ཞུ་རྩ་བར་འཛིན་རྒྱུ”མཐའ་འཁྱོངས་བྱས་ནས་ཁེ་ལས་མཁས་ཅན་དང་མཉམ་ལས་གཉིས་ཁེ་ཡོང་བའི་རེ་སྒུག་བྱེད་པ་དང་། སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་ལེགས་ཆ། དམངས་ཕྱུག་གི་ལེགས་ཆ་བཅས་སུ་འགྱུར་བར་བྱས་ཏེ་ས་མཐོའི་སྤུས་དག་ཐོན་རྫས་དེ་བས་མང་བ་ས་མཐོ་ནས་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་བྲིན་ཁ་རྒྱུག་པོ་ཡོང་བ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།