འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་17ཉིན།

༄༅།།ས་བབ་སྨི་3600ཡི་སར་གནས་པའི“ལྷ་མོ་དར་ཡུལ་གྲོང་ཚོ”

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་17ཉིན། 13:04】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ལྷ་མོ་སྦྱོང་མཁན་གྱི་ཕྲུ་གུ་ཚོ་མཉམ་དུ་རྩེད་མོ་རྩེ་བཞིན་པ།

འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ལྷ་མོ་སྦྱོང་མཁན་གྱི་ཕྲུ་གུ་ཚོ་མཉམ་དུ་རྩེད་མོ་རྩེ་བཞིན་པ།

འདི་ནི་ཉེ་ཆར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཡུལ་མིས་ལྷ་མོའི་ནང་སྦྱོང་ལ་ལྟ་བཞིན་པ།

འདི་ནི་ཉེ་ཆར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཡུལ་མིས་ལྷ་མོའི་ནང་སྦྱོང་ལ་ལྟ་བཞིན་པ།

     བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་རི་བོའི་འདབས་སུ་དང་ཆུ་བོའི་འགྲམ་དུ་གནས་ཤིང་ཆ་སྙོམས་ས་བབ་སྨི་3600ཙམ་ཡོད་པ་རེད།

     ཤོད་རྒྱུན་ལ་བོད་ཀྱི་ལྷ་མོའི་སྲོལ་གཏོད་པ་པོ་ཐང་སྟོང་རྒྱལ་པོས་ཞལ་འདེབས་བསློངས་ནས་ཟམ་པ་སྐྲུན་སྐབས་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་གསར་རྩོམ་གནང་བར་གྲགས། དུས་དེ་ནས་བཟུང་ཡར་ལུང་བཀྲ་ཤིས་ཞོལ་པའི་ལྷ་མོ་གནས་དེ་གར་དར་བ་དང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ“ལྷ་མོ་དར་ཡུལ་གྲོང་ཚོ”ཞེས་འབོད་ཀྱི་ཡོད། མིག་སྔར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་གནའ་བོའི་གྲོང་ཚོའི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་དང་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཁྱིམ་ཚང་བཅུ་ཆ་དྲུག་ལྷག་ཙམ་གྱིས་ལྷ་མོའི་བརྗོད་དོན་གཙོ་བོའི་དམངས་སྲོལ་གནས་ཚང་གཉེར་བས། ཡུལ་མི་རྣམས་རང་ས་རང་ཡུལ་དུ་ལས་ཞུགས་ཐུབ་ནས“ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ”བརྟན་པོ་བྱུང་ཡོད།