གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 11ཚེས་17ཉིན། 13:00】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཝང་ཡུས་ཧྲུན།
སྐབས་དེ་དུས་ང་བོད་སྐྱོར་དཔུང་ཁག་དང་མཉམ་དུ་ཀྲེ་ཅང་ཧང་ཀྲོའུ་གྲོང་ཁྱེར་ཧྲང་ཁྲེང་ཆུས་ནས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་རྫོང་དུ་བསྐྱོད་དེ་ལོ་རིམ་གསུམ་པའི་བོད་རིགས་བུ་ཞིག་དང་རོགས་སྐྱོར་ཆ་སྒྲིག་བྱས་པ་ཡིན། ཐེངས་དང་པོར་ཐུག་དུས། ཁོང་གིས་འཚེར་སྣང་ཆེན་པོས་ང་ལ“ཨ་ཁུ་ལགས”ཞེས་བོས་པ་དང་ཐེངས་གཉིས་པར་སྐད་ཆ་མང་པོ་དྲིས་བྱུང་།
“ཡང་སྙིང་ཤིས་ཧུའུ་མཚེའུ་ཆེན་པོ་ཇི་ཙམ་ཡོད་དམ”ངས་ལག་བརྡ་བྱེད་བཞིན་དུ་སྐོར་བ་གཅིག་རྒྱག་པར་ཆུ་ཚོད་གསུམ་བཞི་དགོས་ཀྱི་རེད་ཅེས་ལན་བཏབ་པ་ཡིན།
“བྱས་ན་མཚེའུ་དེའི་ནང་དུ་ཅི་ཞིག་ཡོད་དམ”
“ས་མཐོར་སྐར་མ་མཐོང་རྒྱུ་ཡོད། ཧང་ཀྲོའུ་ཡི་སྐར་མའང་མང་པོ་དེ་འདྲ་ཡོད་དམ”ཞེས་པ་ལ་སོགས་སྐད་ཆ་མང་པོ་འདྲི་གིན་ཁོང་གི་འདྲེན་བྱེད་ཀྱང་གྲུང་ཤ་དོད་དུ་སོང་། དེ་ནི་ས་མཐོའི་ཕྲུ་གུ་ཞིག་གིས“རི་བོའི་ཕ་རོལ”ལ་ཡ་མཚན་ཆེན་པོ་བྱེད་པ་ཞིག་ཡིན་ལ། དེ་ནི་ནམ་མཁར་སྙེག་ཐུབ་པའི་སྡོང་པོ་ཆེན་པོ་ཞིག་ཏུ་འཚར་ལོངས་ཐུབ་པའི་ཚན་རིག་གི་ས་བོན་ཞིག་ཀྱང་རེད།
གཞོན་ནུ་ལོ་ཆུང་གི་བསམ་པའི་འཆར་སྒོ་དང་འཚོལ་སྙེག་བྱེད་འདོད་ཀྱི་བསམ་པ་ཇི་ལྟར་སྐུལ་སྤེལ་བྱེད་དགོས་སམ། ཚན་རིག་གི་ས་བོན་ནི་དཔོག་དཀའ་བའི་ཤེས་བྱ་ཞིག་ཡིན་པའི་ངེས་པ་མེད་པར། དེ་ནི“ངས་ཀྱང་རྩད་གཅོད་བྱེད་ཆོག་པ་དང་རེག་ཐུབ་པ་ཞིག་རེད་ཨང”སྙམ་པའི་སྐད་ཅིག་མ་དེ་ཡིན་པ་རེད། ངས་སྒྲུབ་ཐུབ་པ་ནི་ལས་རིགས་གཅིག་པ་དེ་བས་མང་བ་དང་མཉམ་དུ་སྐད་ཅིག་མ་དེ་ལྟ་བུ་ཁོང་ཚོར་ཚོར་དུ་འཇུག་རྒྱུ་དེ་རེད།
ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་སྤུས་ལེགས་རི་ཀླུང་བརྒལ་ཚེ་གཞི་ནས་ས་བོན་ལ་མྱུ་གུ་འབུས་ཐུབ། ང་ཚོས་ཀྲེ་ཅང་གི་ཁེ་ལས་མཁས་ཅན་གྱི་འཐུས་མི་དང་ཤིས་ཧུའུ་སློབ་ཆེན་གྱི་འབུམ་རམས་པའི་ཚན་རིག་ཁྱབ་གདལ་ཚོགས་པ་ཡར་ཀླུང་གཙང་པོའི་རྒྱུད་དུ་གདན་དྲངས་ནས་སློབ་ཁང་ངམ་ཡང་ན་ལུས་རྩལ་ཐང་དུ་འཚར་ལོངས་ཀྱི་འབད་འཐབ་ལོ་རྒྱུས་རེ་རེ་དང་། ཐོན་རྫས་རེ་རེའི་རྒྱབ་ཀྱི་གཏམ་རྒྱུད། ཚན་རིག་ཡོ་ཆས་རེ་རེ་བཅས་ངོ་སྤྲོད་བྱས་པ་ཡིན། ཕྲུ་གུ་ཚོས་རྒྱང་ཤེལ་ནས་ཟླ་བའི་གོ་ལའི་སྒོར་དབྱིབས་གསལ་པོ་ཐེངས་དང་པོ་མཐོང་སྐབས་དགའ་འབོད་ཀྱི་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་པ་དང་། རིག་ནུས་བརྙན་མིག་ལས་རང་ཉིད་ཀྱི“ལོ་བཅུའི་རྗེས་ཀྱི་རྣམ་པ”མཐོང་སྐབས། བོད་རིགས་ལོ་ཆུང་ཚོས་གད་མོ་ཡུན་རིང་བགད་པ་ལ་སོགས་ཚན་རིག་གི་ས་བོན་ལ་མྱུ་གུ་འབུས་པ་ནི། ཁོང་ཚོས་སྤྱི་འགྲོས་ཤིག་བློ་ལ་ངེས་པ་ཙམ་མ་ཡིན་པར། ཚན་རིག་མཁས་ཅན་དེ་དག་དང་ཐོག་རང་ཉིད་དང་འདྲ་བར་སྙམ་བཞིན་ཡ་མཚན་ཆེ་བའི་གནད་དོན་རེ་རེ་ཤེས་རྟོགས་བྱེད་པ་ནས་འགོ་བཙུགས་ནའང་འགྲིག
ས་བོན་སྡོང་པོ་ཆེན་པོ་ཞིག་ཏུ་འཚར་ལོངས་ཡོང་བར་ཆུ་ལུད་ཀྱི་མཐུན་རྐྱེན་ནི་མེད་དུ་མི་རུང་བ་ཞིག་རེད། ང་ཚོས་སྒྲུབ་པ་ནི་དངོས་པོའི་ཐད་ཀྱི་རོགས་རམ་ཙམ་མ་ཡིན་པར་ད་དུང་འཚར་ལོངས་ཀྱི་ལམ་བུར་མཐུན་རྐྱེན་སྦྱོར་བ་དེ་རེད། ང་ཚོས་2026ལོའི་དཀར་མཛེས་ཀྲོའུ་ཡི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོ་གཉེར་བ་དང་ཆབས་ཅིག ས་གནས་དེ་གའི་གཞོན་ནུར་ཕྱོགས་ནས་མི་ཐབས་རིག་ནུས་གསར་རྩོམ་གྱི་རྨང་གཞི་དང་ལག་ཆ་ཤེས་རྟོགས་ཀྱི་གསོ་སྦྱོང་བྱས་ཏེ་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་མ་ཀྲེ་ཅང་གི་འབྲེལ་ཡོད་ཁེ་ལས་སུ་དངོས་སྦྱོང་ལས་ཞུགས་བྱ་རྒྱུར་འོས་སྦྱོར་བྱས་ཡོད། ཚན་རིག་གི་ས་བོན་ལ་གལ་ཏེ་མེ་ཏོག་ཐེངས་གཅིག་ལས་བཞད་མ་ཐུབ་ཚེ། སྔར་བཞིན་རླུང་གིས་འཁྱེར་བ་ལྟ་བུར་གྱུར་སྲིད། དེས་ན་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ཀྱི་ས་ཁོངས་འཕེལ་རྒྱས་གཏོང་བའི་བཀོད་པ་དང་སྦྲེལ་མཐུད་བྱས་ཚེ་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་རྒྱུན་མཐུད་འདོན་སྤེལ་བྱེད་ཐུབ།
ད་ལོའི་ཟླ་8པར་ཡར་ཀླུང་གཙང་པོའི་གཞོན་ནུ་ལོ་ཆུང་ཤིས་ཧུའུ་སློབ་ཆེན་མཚོ་གཏིང་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ན་སྨི་འོད་རྡུལ་རིག་པ་དང་དཔྱད་ཆས་ལག་རྩལ་ཚོད་ལྟ་ཁང་དུ་བསྐྱོད་དེ། གསར་འགྱུར་ལས་མ་གཏོགས་མཐོང་མྱོང་མེད་པའི་དཔྱད་ཆས་ཀྱི་མདུན་དུ“ཤིས་ཧུའུ་མཚེའུ་ཆེ་ཆུང་ཇི་ཙམ་ཡོད་དམ”ཞེས་དྲི་མཁན་གཅིག་ཀྱང་མེད་པར་ཁོང་ཚོས“ཚོད་ལྟ་འདི་བྱེད་པར་དུས་ཡུན་ཇི་ཙམ་འགོར་རམ”“སླད་ཕྱིན་ངས་ཀྱང་ཚོད་ལྟ་འདི་བྱེད་ཐུབ་བམ”ཞེས་འདྲི་གི་ཡོད། ཚན་རྩལ་གྱིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ་ནི་ཐེངས་གཅིག་རང་བཞིན་གྱིས་གང་ཞིག་མཁོ་སྤྲོད་བྱས་པ་ཞིག་མིན་པར། དེ་གའི་ཕྲུ་གུ་ཚོས“མིག་ལྟ་བ་ཙམ”ནས“རྩད་གཅོད་བྱེད་པའི”བར་དང“རྩད་གཅོད་བྱེད་པ”ནས“རྗེས་འདེད་འཚོལ་ཞིབ་བྱེད་པའི”བར་འགྱུར་བ་བྱེད་པར་རག་ལུས་ཡོད།