འཚོལ་བཤེར།   
藏文频道
2026ལོའི་ཟླ་11ཚེས་4ཉིན།

༄༅།།ཏང་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་དང་ལས་འགན་མཐའ་འཁྱོངས་བྱེད་དགོས།

—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 11ཚེས་04ཉིན། 10:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

    རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེར་གཞོལ་བའི་སེམས་ཐག་བཅད་ཡོད་པ་དང་། དེ་སྒྲུབ་པར་དང་ཐོག་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་ལེགས་པར་སྒྲུབ་དགོས།

     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག 《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་སྐབས་བརྩི་སྲུང་ཞུ་དགོས་པའི་རྩ་དོན་གལ་ཆེན་བཏོན་པའི་ནང་། “འགན་འཁྲི་དང་ལས་འགན་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་པ་དེ་ཨང་དང་པོར་བཞག་ཡོད། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་། འགན་འཁྲི་འཁུར་སེམས། ལས་འགན་སྒྲུབ་སེམས་བཅས་གང་ལེགས་མངོན་ཡོད།

     ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་བརྩི་སྲུང་ཞུ་རྒྱུ་ནི་སྔར་ནས་བཟུང་ཏང་འཛུགས་སྐྱོང་གི་རྩ་དོན་གལ་ཆེན་ཞིག་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ལྟེ་བའི་ལས་འགན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཏང་ལ་དོ་དམ་བྱེད་པ་དང་། ཏང་ནན་སྐྱོང་བྱེད་པ། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་དང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ནང་གནས་འབྲེལ་བ་སྟངས་འཛིན་ལ་སྣང་ཆེན་བྱས་ཏེ། འཆར་འགོད་ཇུས་བཏོན་བྱས་པའི་སྲིད་ཇུས་དང་བྱ་ཐབས་ཁག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཕྱོགས་ཁག་གི་བཀོད་སྒྲིག་ཚང་མ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པའི་འགན་ལེན་བྱས་ཡོད་པས། ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད།

     “ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་ནུས་ག་ཚོད་ཆེ་ན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགན་ལེན་དེ་བས་ནུས་ལྡན་ཡོང་ཐུབ” ཀྲུང་གོ་གུང་ཁྲན་ཏང་གིས་བཅོས་སྐྱོང་ལ་བརྟེན་ནས་ཀྲུང་གོའི་བཅོས་སྐྱོང་གི་གནས་ཚད་གསར་པ་གཏོད་པའི་ཁྲོད་ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་འཐབ་ཇུས་ལས་འགན་དང་བྱ་ཐབས་གལ་ཆེན་གྱི་ནང་དོན་ཟབ་མོ་དང་དོན་སྙིང་ཟབ་མོར་དེ་བས་ཀྱང་གོ་བ་ལེན་ཐུབ།

     ཏང་གཤིས་བརྟན་པོ་ཡོད་ན་གཞི་ནས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་དར་ཆ་དར་ཆར་བརྩི་བ་དང་། ཏང་གི་འདོད་བློ་འདོད་བློར་འཛིན་པ། ཏང་གི་ལས་འགན་ལས་འགན་དུ་བརྩི་བ་བཅས་བྱེད་ཐུབ། “འགྱུར་མེད་སྟོབས་ལྡན་གྱི་ཏང་གཤིས་བཞུན་བརྡར་མཐའ་འཁྱོངས་བྱེད་དགོས་པ”ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་ནང་དོན་གལ་ཆེན་ཞིག་རེད།

     ཚང་འཛོམས་གྲོས་ཚོགས་ཐོག་ཏང་གཤིས་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་རྩ་བའི་རང་བཞིན་གྱི་ལས་འགན་ཞིག་རེད་ཅེས་བཏོན་ཡོད། “གུང་ཁྲན་ཏང་མིའི་ཏང་གཤིས་ཟབ་ཏུ་གཏོང་བར”དམིགས་ནས“ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་མཐའ་འཁྱོངས་བྱེད་དགོས་པ”སོགས་ཀྱི་བཀོད་སྒྲིག་ཞིབ་ཕྲ་བྱས་པའི་དམིགས་ཡུལ་ནི། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་བསམ་བློ་དང་། འདོད་བློ། བྱ་སྤྱོད་བཅས་ཏང་གི་འགན་འཁྲི་དང་ལས་འགན་ཐོག་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་རེད།

     སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལྟོས་དང་།

     “རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པའི”བརྡར་གཅོད་གལ་ཆེན་བྱས་པ་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཏོན་ཏེ་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཕོ་འགྱུར་གཏིང་ཟབ་འགྲོ་འགོ་ཚུགས་པའི་བར་དང་། དེ་ནས་གསར་གཏོད་རང་བཞིན་གྱི་སྒོ་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་བཏོན་པ་མ་ཟད་བཀོད་སྒྲིག་གལ་ཆེན་ཡང་བྱས་པའི་བར་སོགས།

     སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་དེའི་ངོ་བོའི་ཁྱད་ཆོས་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་གནང་བ་ལས་གྲུབ་པའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན་ཞིང་། དེ་ཉིད“དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ”དང“ལས་འགན་གཙོ་བོར”གྱུར་ཡོད།

     ཏང་ཀྲུང་དབྱང་གིས་སྤྱི་འདོམས་བྱས་པའི་སྤྱི་ཡོངས་ཁྲོད་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་རང་ཉིད་ཀྱི་ངེས་གནས་གནད་འཁེལ་འཚོལ་བར་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་གོམ་སྟབས་གཅིག་གྱུར་གྱིས་མདུན་ཕྱོགས་སུ་བསྐྱོད་ཡོད།

      ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་བསམ་བློའི་ཁྲིད་སྟོན་མཐའ་འཁྱོངས་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ནི་དུས་རབས་གསར་པའི་བསྙོན་མེད་དོན་དམ་ཞིག་དང་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

    ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་པའི“མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་མཐའ་འཁྱོངས་བྱེད་པ”ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དང་འབྲེལ་བ་ཡོད་པའི་འགག་རྩའི་རང་བཞིན་གྱི་གནད་དོན་ཞིག་རེད།

    ཚང་འཛོམས་གྲོས་ཚོགས་ཐོག“མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་བཞུན་བརྡར་གཏོང་རྒྱུའི”འཆར་གཞི་བཀོད་པ་དང་། “ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ”སོགས་བཀོད་སྒྲིག་ཞིབ་ཕྲ་བྱས་པའི་དམིགས་ཡུལ་ནི་ང་ཚོའི་ལས་བྱེད་པའི་དཔུང་ཁག་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་ནན་པ་བཅས་ཡོང་བར་བྱས་ནས་ཏང་གི་འགན་འཁྲི་དང་ལས་འགན་དེ་བས་ལེགས་པའི་ངང་མངོན་འགྱུར་ཡོང་ཆེད་འགན་ལེན་གལ་ཆེན་མཁོ་འདོན་བྱ་ཆེད་རེད།

     “རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱ་རྒྱུ་ནས་འགོ་བཙུགས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས” ད་ལོ་ཏང་ཡོངས་སུ་སྤེལ་བའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལན་ལེན་བསྟར་བའི་སློབ་སྦྱོང་སློབ་གསོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་བསམ་བློའི་ཁྲིད་སྟོན་དང་། དངོས་བཤེར་དངོས་བཅོས། གོང་དཔེ་འོག་སྟོན། རྩ་ལག་མཉམ་བཅོས། ལྟེ་བར་ཞབས་ཞུ་སོགས་མཐའ་འཁྱོངས་བྱ་རྒྱུ་ནི་ཉམས་མྱོང་གལ་ཆེན་ཞིག་རེད།

     “སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བའི་ནང་དོན་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས” ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་ཐོན་ལས་གསར་པ་དང་དཔལ་འབྱོར་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས།

     “དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་ཆེ་ཤོས་ཡིན་པ”བློ་ལ་བརྟན་པོར་ངེས་ནས་སྡོད་ཁང་རྙིང་པ་སྒྱུར་བཀོད་དང་གྲོང་ཁྱེར་གསར་བརྗེས་ལ་སྐུལ་འདེད་གཏོང་བ་དང་། འཛད་ཟོག་རྙིང་པ་གསར་པར་བརྗེ་བར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤུས་ལེགས་འཚོ་བ་གཉིས་མོས་མཉམ་འབད་ཡོང་བར་བྱེད་དགོས།

     སློབ་སྦྱོང་སློབ་གསོར་བརྟེན་ནས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་མདུན་སྐྱོད་ཁ་ཕྱོགས་སྔར་བས་ཁ་གསལ་དང་། ལས་ཀའི་སྤྱོད་ཚུལ་དེ་བས་ཏན་ཏིག སྒྱུར་འཕེལ་བརྟན་གསུམ་ལ་དམ་འཛིན་བྱེད་པའི་ཕན་འབྲས་དེ་བས་ལེགས་པ་བཅས་ཡོང་བར་བྱས་ནས། དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།

     “ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་གསར་བརྗེའི་རང་བཞིན་གྱི་བཞུན་བརྡར་མ་བྱས་ཚེ། ད་ཆ་ལྟ་བུའི་ཚད་མཐོའི་མཐུན་སྒྲིལ་དང་འགྱུར་མེད་སྟོབས་ལྡན་གྱི་ཀྲུང་གོ་གུང་ཁྲན་ཏང་ཡོང་མི་སྲིད་པ་དང་། དཀའ་ངལ་གྱི་མདུན་དུ་དམངས་སེམས་གཅིག་མཐུན་དང་བློ་སེམས་གཅིག་སྒྲིལ་གྱི་ཏང་དང་མང་ཚོགས་དབར་གྱི་འབྲེལ་བ་ཞིག་ཆགས་མི་སྲིད་པ། རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་གནས་བབ་ཁྲོད་ལོ་རྒྱུས་ཀྱི་རང་འགུལ་ཐོབ་མི་སྲིད”

     “ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་བྱེད་པར་རང་རྒྱལ་གྱི་འཕེལ་རྒྱས་ལ་གཏན་འཁེལ་མེད་ཅིང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་པོ་འཕྲད་སྲིད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཞིབ་འཇུག་བྱ་གཞི་གསར་པ་མི་ཉུང་བ་ཞིག་འཕྲད་སྲིད། ག་ཚོད་ཀྱིས་སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་དང་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཡིན་ཚེ། དེ་ཚོད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་དེ་བས་བཏང་སྟེ་རང་རེའི་ཏང་སྔར་ལས་ལེགས་པ་དང་སྔར་ལས་སྟོབས་ཆེར་གཏོང་དགོས།

     རྒྱང་ལམ་གསར་པ་ནི་ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་རེད། བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཏང་ལ་དོ་དམ་བྱེད་པ་དང་། ཏང་བཅོས་སྐྱོང་བྱེད་པ། ཏང་དར་རྒྱས་གཏོང་བ། ཏང་སྟོབས་ཆེར་གཏོང་བ་བཅས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་ཚེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།