འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་29ཉིན།

༄༅།།ཀྲུང་གོའི་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་བཏང་ནས་བོད་ལྗོངས་ནག་ཆུའི་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་29ཉིན། 15:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་27ཉིན། གསར་འགོད་པར་ཀྲུང་གོའི་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས་ཀྲུང་གོའི་གཞོན་ནུ་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོཌ་ཀྱིས་གུང་གཞོན་སྡེ་ཚོཌ་ཀྲུང་དབྱང་གི་མཛུབ་ཁྲིད་འོག“རེ་བ་མཉམ་འགྲོགས། ཛ་དྲག་གེགས་སེལ——2026ལོའི་ཕུཌ་རེའི་འདུ་འགོད་ཀྱིས་ནག་ཆུར་རོགས་སྐྱོར་བྱེད་པའི་ཡོམ་འགོག་གེགས་སེལ་གྱི་དམིགས་བསལ་བྱ་སྤྱོད”མགྱོགས་མྱུར་སྤེལ་ནས་གེགས་ཁུལ་ལ་དངོས་ཟོག་ཁ་གསབ་དང་། གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་ལ་རོགས་སྐྱོར། སློབ་གྲྭ་ཉམས་གསོ། གཞོན་ནུ་ལོ་ཆུང་ལ་སེམས་ཁུར་དང་དེ་བཞིན་བདེ་འཇགས་སློབ་གསོ་སོགས་ཐད་རོགས་སྐྱོར་བྱེད་བཞིན་ཡོད། མིག་སྔར། ཀྲུང་གོའི་གཞོན་ནུ་ལོ་ཆུང་ཐེབས་རྩ་ལྷན་ཚོགས་ཀྱིས་གེགས་སེལ་མ་དངུལ་སྒོར་ཁྲི་30བཏང་ནས། གནོད་འཚེ་ཕོག་ཁུལ་དུ་འཕྲལ་མཁོའི་དངོས་རྫས་ཉོ་སྒྲུབ་ལ་སྤྱད་པ་དང་འབྲེལ། འཕྲལ་སྡོམ་དངོས་ཟོག་གི་སྲིད་གཞུང་དང་སྤྱི་ཚོགས་མཐུན་སྦྱོར་འགན་སྲུང་ལམ་སྲོལ་བརྒྱུད་གེགས་ཁུལ་གྱི་དགོས་མཁོ་རྒྱུན་མཐུད་ཁོང་དུ་ཆུད་པར་བྱེད་བཞིན་ཡོད།