འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་27ཉིན།

༄༅།།སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་བྱ་ཡུལ་ཡོངས་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་27ཉིན། 10:55】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བརྒྱད་པའི་སྐོར་གཟིགས་ཀྱིས་སློབ་གསོ་པུའུ་དང་། པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། ཤིས་ཨན་འགྲིམ་འགྲུལ་སློབ་ཆེན། ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན། ཀྲུང་གོ་ཞིང་ལས་སློབ་ཆེན། པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན། ནུབ་བྱང་བཟོ་ལས་སློབ་ཆེན། ཧར་པིན་བཟོ་ལས་སློབ་ཆེན། ཀྲེ་ཅང་སློབ་ཆེན། ནན་ཅིང་སློབ་ཆེན། སི་ཁྲོན་སློབ་ཆེན། ནན་ཁའེ་སློབ་ཆེན། ཐེན་ཅིན་སློབ་ཆེན། ཝུའུ་ཧན་སློབ་ཆེན། ཀྲུང་ཧྲན་སློབ་ཆེན། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན། ཅི་ལིན་སློབ་ཆེན། ཧྭ་ཀྲུང་ཚན་རྩལ་སློབ་ཆེན། ཧྲན་ཏུང་སློབ་ཆེན། ཤར་ལྷོ་སློབ་ཆེན། ཞ་མོན་སློབ་ཆེན། ཐུང་ཅི་སློབ་ཆེན། ཀྲུང་ནན་སློབ་ཆེན། ཏ་ལེན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཁྲུང་ཆིང་སློབ་ཆེན། ལན་ཀྲོའུ་སློབ་ཆེན་སོགས་ཚན་པ་32ཀྱི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་གཟིགས་བྱ་རྒྱུ་རེད།