འཚོལ་བཤེར།   
藏文频道
2026ལོའི་ཟླ་10ཚེས་9ཉིན།

༄༅།།ཟླ་དང་པོ་ནས་བརྒྱད་པའི་བར་གློག་ཤུགས་ཁྲོམ་རའི་ཉོ་ཚོང་གློག་འབོར་དུས་མཚུངས་ལས19.2%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 10ཚེས་09ཉིན། 09:21】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་གློག་ཤུགས་ཉོ་ཚོང་སྒྲིག་གཞི་ཁག་གིས་རིམ་རྩིས་བརྒྱབ་ན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་51800ཉོ་ཚོང་བྱས་པ་དེ་དུས་མཚུངས་ལས་19.2%འཕར་ཡོད།

ཟླ་བརྒྱད་པར་རྒྱལ་ཡོངས་ཀྱི་གློག་ཤུགས་ཉོ་ཚོང་སྒྲིག་གཞི་ཁག་གི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར་7548ཟིན་པ་དེ་དུས་མཚུངས་ལས་15.2%འཕར་བ་དང་། ཉོ་ཚོང་ཁྱབ་ཁོངས་ནས་བལྟས་ན། ཞིང་ཆེན་ནང་ཁུལ་གྱི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར་5638ཟིན་པ་དེ་དུས་མཚུངས་ལས་16.0%འཕར་བ་དང་། ཞིང་ཆེན་དང་ས་ཁུལ་བསྒྲལ་ནས་གློག་ཉོ་ཚོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1910ཟིན་པ་དེ་དུས་མཚུངས་ལས་11.4%འཕར་ཡོད། ཉོ་ཚོང་རིགས་ནས་བལྟས་ན། དུས་ཡུན་འབྲིང་རིང་གི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར་6819ཟིན་པ་དང་། ལག་ཡོད་གློག་གི་ཉོ་ཚོང་གློག་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར་729ཟིན་ཡོད། ལྗང་མདོག་གློག་གི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར་264ཟིན་པ་དེ་དུས་མཚུངས་ལས་7.7%འཕར་ཡོད།