འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་30ཉིན།

༄༅།།ཀྲུང་གོས་ཕྱི་ཕྱོགས་ལ་མ་འཇོག་བྱས་པའི་གསོག་འབོར་ལོ་དགུ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་གསུམ་པར་རྒྱུན་འཁྱོངས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་30ཉིན། 10:15】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཚོང་དོན་པུའུ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བཅས་ཀྱིས་མཉམ་དུ་ཁྱབ་བསྒྲགས་བྱས་པའི《2025ལོ་འཁོར་གྱི་ཀྲུང་གོས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱས་པའི་བསྡོམས་རྩིས་སྤྱི་བསྒྲགས》ལས་མངོན་པར། 2025ལོར། ཀྲུང་གོས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱས་པའི་གཏོང་འབོར་ཨ་སྒོར་དུང་ཕྱུར་2135.8ཟིན་པ་དེ་ལོ་གོང་མ་ལས་11.1%འཕར་བ་དང་། ཕྱི་ཕྱོགས་ལ་མ་འཇོག་བྱས་པའི་གསོག་འབོར་ཨ་སྒོར་དུང་ཕྱུར་ཁྲི་3.4ཟིན་ནས། ལོ་དགུ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་གསུམ་པ་རྒྱུན་འཁྱོངས་ཐུབ་པ་དང་། དེས་གོ་ལ་ཧྲིལ་པོའི་མ་འཇོག་བསྡུར་གྲངས་བཟུང་ཚད་7.4%འཕར་ཡོད། ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱས་པའི་གཞི་ཁྱོན་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཏེ། སྣ་མང་ཅན་གྱི་མ་འཇོག་འཕེལ་ཕྱོགས་མངོན་ཡོད། ཕྱི་ཕྱོགས་མ་འཇོག་ལས་རིགས་རྒྱལ་དམངས་དཔལ་འབྱོར་གྱི་ལས་རིགས་ཁག་18ལ་ཁྱབ་པ་དང་གཙོ་བོ་བོགས་གཏོང་དང་ཚོང་དོན་ཞབས་ཞུ་དང་། སྡེབ་འཚོང་དང་སིལ་ཚོང་། བཟོ་སྐྲུན། དངུལ་རྩ་བཅས་ཁྱབ་ཁོངས་བཞི་ལ་གཅིག་ཏུ་བསྡུས་ཡོད།