འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་28ཉིན།

༄༅།།ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་ཕུན་སུམ་ཚོགས་པོའི་ངང་གནང་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་28ཉིན། 14:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཝ་ཧྲེང་ཐོན་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།

ཝ་ཧྲེང་ཐོན་ནས་ཞལ་གྱེས་སྐབས། ཨ་རིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་བ་དང་། གནམ་ཐང་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད།

གནམ་ཐང་དུ་ཕེབས་པའི་ལམ་བར་དུ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱི་སྦྱོང་སློབ་མའི་འཐུས་མིས་འགྲོ་ལམ་གྱི་གཞོགས་གཉིས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད།