འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་20ཉིན།

༄༅།།2026ལོའི་གོ་ལ་ཧྲིལ་པོའི་བཟོ་ཚོང་ཁྲིམས་སྐྱོང་ཚོགས་ཆེན་ཧའེ་ཁོའུ་རུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་20ཉིན། 09:25】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་ཧའེ་ཁོའུ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཀྲུང་གོ་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་2026ལོའི་གོ་ལ་ཧྲིལ་པོའི་བཟོ་ཚོང་ཁྲིམས་སྐྱོང་ཚོགས་ཆེན་ཧའེ་ནན་ཧའེ་ཁོའུ་རུ་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གྲངས་རིག་གིས་མཐུན་རྐྱེན་སྦྱར་ནས་ཁྲིམས་ཚོང་མཉམ་འདྲེས་ཡོང་བར་བྱེད་པ་དང་། ཁྲིམས་སྐྱོང་གིས་གཞོགས་འདེགས་བྱས་ནས་ལམ་ལུགས་སྒོ་འབྱེད”ཡིན་ཞིང་། “ཁྲིམས་ཚོང་མཉམ་འདྲེས། ཕྱིར་སྐྱོད་ལ་མཐུན་རྐྱེན་སྦྱོར་བ”དང་། “ཁྲིམས་སྐྱོང་གིས་རྩོད་གཞི་འདུམ་འགྲིག་ལ་སྣེ་ཁྲིད། གྲངས་རིག་གིས་སྒོ་དབྱེ་མཉམ་ལས་ལ་མཐུན་རྐྱེན་སྦྱོར་བ” “ཤེས་བྱའི་བདག་དབང་མཉམ་དུ་སྲུང་སྐྱོང་། གསར་གཏོད་ཀྱིས་ལམ་ལུགས་སྒོ་དབྱེར་མཐུན་རྐྱེན་སྦྱོར་བ”སོགས་ཀྱི་གྲོས་གཞིར་དམིགས་ནས་གླེང་སྟེགས་གཙོ་བོ་དང་མཉམ་མཚུངས་གླེང་སྟེགས་གཉིས་གཉེར་བ་རེད།

ཚོགས་ཆེན་ལ《2026ལོའི་གོ་ལ་ཧྲིལ་པོའི་བཟོ་ཚོང་ཁྲིམས་སྐྱོང་ཚོགས་ཆེན་གྱི་བསྒྲགས་གཏམ》ཡོངས་བསྒྲགས་བྱས་ནས། གྲོས་འགོ་ཁག་ལྔ་བཏོན་པ་སྟེ། རྒྱལ་སྤྱིའི་ཁྲིམས་སྐྱོང་མཐའ་འཁྱོངས་བྱས་ནས་ཐོན་ལས་འཁོར་སྦྲེལ་དང་མཁོ་སྤྲོད་འཁོར་སྦྲེལ་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གྲངས་རིག་འགྱུར་ལྡོག་དང་ལེན་བྱས་ནས་ལས་རིགས་མང་པོ་གསར་གཏོད་དང་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་སྦྱོར་དགོས་པ། ཁྲིམས་ཚོང་མཉམ་འདྲེས་ཟབ་ཏུ་བཏང་ནས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས་པ། སྒོ་དབྱེ་མཉམ་ལས་ལ་སྐུལ་མ་བཏང་ནས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་གཏོང་དགོས་པ། རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་གཞུང་དྲང་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་སོ།