གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་20ཉིན། 09:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

2026ལོའི་ཟླ་9ཚེས་17ཉིན། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་འདྲེ་དམག་གི་ནན་ཅིང་དམར་གསོད་ཆེ་མོའི་རྩྭ་ལྷམ་འགག་ཏུ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོའི་རྡོ་རིང་མདུན་དུ། ཅང་སུའུ་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ནན་ཅིང་གྲུ་ཁའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཏང་ཡོན་དང་མི་དམངས་ཉེན་རྟོག་པས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་སེམས་གཏིང་ནས་དྲན་གསོ་ཞུས་པ་དང་འབྲེལ། མེ་ཏོག་སོས་པ་ཕུལ་ནས་ཞི་བདེ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།