འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་18ཉིན།

༄༅།།ཞི་ཅིན་ཕིང་གིས་ཅི་ལིན་སློབ་ཆེན་བཙུགས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་18ཉིན། 15:17】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཅི་ལིན་སློབ་ཆེན་བཙུགས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་ཚོར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། འགོ་འཛུགས་ས་གསར་པའི་ཐོག་ཅི་ལིན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་པ། རིག་ཚན་ཆེད་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་གཏོང་། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་མཐོར་གཏོང་། བྱང་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། 

ཅི་ལིན་སློབ་ཆེན་ནི་1946ལོར་བཙུགས་པ་རེད། ལོ་ངོ80ཡི་རིང་། སློབ་གྲྭས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱི་ལས་རིགས ་ཚང་མར་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད།

རྟེན་འབྲེལ་འཕྲིན་ཡིག

ཅི་ལིན་སློབ་ཆེན་བཙུགས་ནས་ལོ་ངོ་80འཁོར་བའི་དུས་འདིར། ངས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ལས་བཟོ་དང་རྒྱ་ཆེའི་སློབ་གྲྭ་གཅིག་པ་བ་ཚོར་རྟེན་འབྲེལ་ཞུ་གི་ཡིན།

འགོ་འཛུགས་ས་གསར་པའི་ཐོག་ཅི་ལིན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། ཕྱོགས་བསྡུས་ལེགས་ཆ་འདོན་སྤེལ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་པ། རིག་ཚན་ཆེད་ལས་བཀོད་སྒྲིག་རྒྱུན་ཆད་མེད་པར་ལེགས་གཏོང་། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་མཐོར་གཏོང་། བྱང་ཚད་མཐོ་བའི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས།

2026ལོའི་ཟླ་9ཚེས་16ཉིན།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་འབྱོར་བའི་གློག་འཕྲིན)