འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་17ཉིན།

༄༅།།མི་སེར་གྱི་བདེ་སྐྱིད་སྲུང་། རྒྱལ་ཁབ་ཀྱི་བདེ་འཇགས་སྐྱོང་།

ཁྲང་ཅིན།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་17ཉིན། 13:45】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི“ཀྲང་ཀྲོའུ་110”གི་རུ་མི་ཡོངས་ལ་འཕྲིན་ལན་སྤྲིངས་ཏེ་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས“བློ་རྩེ་གཅིག་སྒྲིམ་གྱིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་བ་དང་ཧུར་ཐག་འབད་ཐག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོ་སྲུང་སྐྱོང་བྱས་ཏེ། ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཅིག་བྱེད་དགོས”ཞེས་མངགས་བཅོལ་གནང་བ་རེད།

“དཀའ་ངལ་ཡོད་ཚེ་110འཚོལ་དགོས”ཞེས་ཀུན་གྱིས་ཤེས་པའི་སྐད་ཆ་དེ་ཀྲང་ཀྲོའུ་ཡིས་དེ་སྔ་ཉེན་དོན་གསར་གཏོད་བྱས་པ་དང་ཁ་བྲལ་ཐབས་མེད། ད་ཆ་110ཞེས་པ་དེ་སྔ་ས་ནས་ཚང་མའི་སེམས་ལ་འཇགས་ནས་རྒྱུས་མངའ་ཆེ་ཤོས་དང་བློས་འཁེལ་ཤོས་ཀྱི་ཨང་ཀི་ཞིག་ཏུ་གྱུར་ཡོད།

ཉེན་ཁ་འཕྲད་སྐབས་འཕྲལ་མར་ཨང་རྟགས་དེ་མནན་ན་བློ་བདེ་བག་ཕེབས་ཡོང་བ་དང་། ཕྲུ་གུ་བོར་བརླག་སོང་བ་དང་ལམ་ནོར་ཤོར་ཚེ་འཕྲལ་མར་ཉེན་རྟོག་པ་འཚོལ་བ་སོགས། གྱོན་གོས་སྔོ་ནག་གི་གཟུགས་དབྱིབས་དེ་རྒྱབ་རྟེན་ཞིག་ཏུ་གྱུར་ཡོད། “གྲོང་པའི་ཁྱིམ་མཚེས་ལས་110དགའ”ཞེས་པའི་དམངས་ཁྲོད་ཀྱི་ཤོད་རྒྱུན་དེས“མི་དམངས་ཉེན་རྟོག་པས་མི་དམངས་ཆེད་དུ་ལས་དོན་སྒྲུབ་པ”གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཡོད།

“ མི་སེར་གྱི་བདེ་སྐྱིད་སྲུང་། རྒྱལ་ཁབ་ཀྱི་བདེ་འཇགས་སྐྱོང” མིག་སྔར་ང་ཚོས་ཉེན་རྟོག་ཚན་རྩལ་ཅན་གྱི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། འཕྲུལ་ཁྱི་དང་འཕྲུལ་མིས་ཁྲོམ་གཞུང་དུ་སྐོར་གཡེང་བྱེད་པ་དང་ཁ་བསླུས་ལ་རྒོལ་བའི་དཔེ་དབྱིབས་ཆེ་མོའི་རིག་ནུས་ཅན་གྱི་ཉེན་བརྡ་གཏོང་བ། དེ་བཞིན་མཉམ་ལས་བྱས་ཏེ་མཉམ་ཤུགས་ཆགས་པར་བྱས་ནས་ཁྲོམ་གཞུང་དང་གྲོང་ཁྱེར་དོ་དམ་སོགས་ཀྱི་སྟོབས་ཤུགས་མཉམ་འགུལ་བྱས་ཏེ། སྔོན་ཚུད་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དུས་ཐོག་ཏུ་རྩོད་གཞི་བརྟག་དཔྱད་དང་ཐག་གཅོད་བྱེད་པ་ལ་སོགས་སྒྲིག་ཆས་གསར་བརྗེ་དང་ལམ་སྲོལ་ལེགས་སུ་བཏང་ནས། དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་མངོན་འགྱུར་བྱེད་བཞིན་ཡོད། རང་རྒྱལ་ནི་འཛམ་གླིང་ཐོག་གི་ཉེས་དོན་ཉེས་གསོག་ཐོན་དམའ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་ཡིན་པ་དང་། “ཀྲུང་གོའི་ལུགས་ཀྱི་བདེ་འཇགས་ཚོར་སེམས”དངོས་འབྲེལ་རང་ཉིད་ཀྱི་གམ་དུ་ཚོར་རྒྱུ་ཡོད།

མང་ཚོགས་ཀྱི་དཀའ་སྡུག་དེ་རང་ཁྱིམ་གྱི་བདེ་སྡུག་ལ་བརྩི་བ་དང་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱ་རྒྱུ་དེ་བསམ་འདུན་ཆེ་ཤོས་སུ་བརྩིས་ནས་དེ་བས་གོམ་སྟབས་མྱུར་ཙམ་དང་། དེ་བས་སྐར་ཆ་གཅིག་གིས་སྔ་ཙམ། དེ་བས་ལས་དོན་མང་ཙམ་སྤེལ་བ་བཅས་བྱས་ཏེ། དཔའ་ངར་ཆེན་པོས་གདོང་མཆོང་བྱེད་པའི་ཁྲོད་དུས་བདེའི་ཀྲུང་གོའི་རྒྱུགས་ལན་ཞིག་ཇི་ཙམ་ཕུལ་བ་དེ་ཙམ་གྱིས་དྲོ་སྐྱིད་ཆེན་པོ་ཚོར་ངེས་རེད།