འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་13ཉིན།

༄༅།།རང་རྒྱལ་དུ་རྫོང་རིམ་པའི་བུ་བཅོལ་ཞབས་ཞུ་ཁྱབ་ཚད་98.8%ཟིན་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་13ཉིན། 13:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། “ཀུན་ཕན་བུ་བཅོལ། བདེ་འཇགས་བྱིས་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་2026ལོའི་རྒྱལ་ཡོངས་ཀྱི་བུ་བཅོལ་ཞབས་ཞུའི་དྲིལ་བསྒྲགས་ཟླ་བ་སྤེལ་འགོ་ཚུགས་ཤིང་། གསར་འགོད་པར་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར། རང་རྒྱལ་དུ་བུ་བཅོལ་སྒྲིག་གཞི་ཁྱོན་ཁྲི་12.6དང་། བཅོལ་གྲངས་ཁྲི་666 མི་སྟོང་རེར་བཅོལ་གྲངས་4.73བཅས་ཟིན་ཡོད་པ་རེད། 2025ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་རྫོང་རིམ་པའི་བུ་བཅོལ་ཞབས་ཞུ་ཁྱབ་ཚད་98.8%ཟིན་པ་དང་བུ་བཅོལ་ལས་ཞུགས་མི་སྣ་ཁྲི་143.1ཟིན་ཡོད།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བུད་མེད་དང་བྱིས་པ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ས་གནས་ཁག་གི་ཡུལ་བབ་དང་བསྟུན་རྒྱུར་མཛུབ་ཁྲིད་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་ལེགས་སུ་རྒྱུན་མཐུད་གཏོང་བ་དང་ཀུན་ཕན་བུ་བཅོལ་དང་བུ་བཅོལ་གཞི་གཅིག་ཅན་གྱི་ཞབས་ཞུ་འཕེལ་རྒྱས་བཏང་ནས། སྤུས་ལེགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་བ་དང་། བུ་བཅོལ་རིན་གོང་དམའ་རུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། མང་ཚོགས་ཚོས་བཅོལ་ཐུབ་པ་དང་ཡག་པོ་བཅོལ་ཐུབ་པའི་འགན་ལེན་བྱས་ནས། ཁྱིམ་ཚང་གི་བུ་བཅོལ་ཐད་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།