འཚོལ་བཤེར།   
藏文频道
2026ལོའི་ཟླ་9ཚེས་13ཉིན།

༄༅།།ཟླ་བརྒྱད་པར་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་དུས་མཚུངས་ལས་0.8%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 09ཚེས་11ཉིན། 15:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་8པར་རྒྱལ་སྤྱིའི་ཁྲོམ་རའི་རིན་གོང་གི་འགྱུར་ལྡོག་དང་བཟའ་བཅའི་རིན་གོང་དུས་ཚིགས་རང་བཞིན་གྱི་འཕར་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་ནས་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)ཟླ་གོང་མར་0.1%ཆག་པ་ནས་0.4%འཕར་བ་དང་དུས་མཚུངས་ཀྱི་འཕར་ཚད་0.8%བར་འཕར་ཡོད། བཟའ་བཅའ་དང་ནུས་རྒྱུའི་རིན་གོང་འཐེན་པའི་ལྟེ་བའི་CPIདུས་མཚུངས་ཀྱི་འཕར་ཚད་1.0%བར་འཕར་ཡོད།

རྒྱལ་སྤྱིའི་ཚོང་ཟོག་ཆེ་གྲས་ཀྱི་ཐོག་མའི་རྒྱུ་ཆའི་རིན་གོང་འཕར་བ་དང་རྒྱལ་ནང་གི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱས་པས་ལས་རིགས་ཁག་གཅིག་གི་དགོས་མཁོ་ཆེ་རུ་འགྲོ་བར་སྐུལ་ཁྲིད་བྱེད་པ་སོགས་རྒྱུ་རྐྱེན་དབང་གིས་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་སྟོན་གྲངས(PPI)ཟླ་གོང་མར་0.7%ཆག་པ་ནས་0.4%འཕར་བ་དང་དུས་མཚུངས་ཀྱི་འཕར་ཚད་3.8%བར་རྒྱ་སྐྱེད་བྱུང་ཡོད།