གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 09ཚེས་09ཉིན། 15:48】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

འདི་ནི་ཟླ་9ཚེས་5ཉིན་པར་བླངས་པའི་སྐྱིད་གྲོང་འགག་སྒོའི་ལྟེ་བའི་ས་ཁོངས་སུ་གནས་པའི་འཁྱིལ་མཚོའི་ཆུ་བཤངས་པ་དང་ཆུ་ལམ་སླར་གསོ་ཐུབ་པའི་རྣམ་པ་ཡིན་པ།
གསར་འགོད་པར་བོད་ལྗོངས་སྐྱིད་གྲོང་གི“8·26”ཆུ་རུད་གནོད་འཚེའི་འཕྲལ་སྡོམ་རོགས་སྐྱོབ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་སྐྱིད་གྲོང་འགག་སྒོའི་ལྟེ་བའི་ས་ཁོངས་ཕུ་ཡི་འཁྱིལ་མཚོ་བཤངས་པ་དང་ཆུ་ལམ་སླར་གསོ་ཐུབ་ནས། འཁྱིལ་མཚོའི་ཉེན་ཁ་སྤྱིར་ན་བསལ་བ་རེད།