འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་31ཉིན།

༄༅།།ཡུན་ནན་ཧྲི་ཏན་དུ་ཀོག་ཧྥེ་ཞིང་པའི་ཞིང་ནང་སློབ་གྲྭ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་31ཉིན། 10:11】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡུན་ནན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ཡུན་ནན་པའོ་ཧྲན་གྲོང་ཁྱེར་ཧྲི་ཏན་རྫོང་གི་ཀོག་ཧྥེ་ཞིང་པའི་ཞིང་ནང་སློབ་གྲྭ་དང་པོའི་སྒོ་བྱང་བཀལ་ནས། ཀོག་ཧྥེ་ཞིང་ནང་གཡོག་བྱེད་དང་། ནད་དང་གནོད་འབུ་སྔོན་འགོག་ཚོད་འཛིན། ཤིང་འབྲས་སོས་པའི་ལས་སྣོན་སོགས་ཀྱི་ནང་དོན་ལ་དམིགས་ཏེ་ལག་ལེན་དངོས་ཀྱི་གསོ་སྦྱོང་བྱས་པ་དང་། ཀོག་ཧྥེ་འདེབས་འཛུགས་ལས་སྣོན་གྱི་ཚད་གཞི་གཅིག་གྱུར་དང་ཚད་ལྡན་དུ་བཏང་ནས་ས་གནས་དེ་གའི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། ཞིང་དུད་ཀྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་བ་རེད།