གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་28ཉིན། 14:10】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་27ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཟླ་8ཚེས་27ཉིན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཚོགས་པས་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཤིང་། ཚེས་26ཉིན་གྱི་དགོང་མོར་ལས་དོན་ཚོགས་ཆུང་བོད་ལྗོངས་གཞིས་རྩེའི་གེགས་ཁུལ་དུ་རྒུད་སྐྱོབ་ལས་དོན་སྤེལ་བར་མངགས་པ་མ་ཟད། གེགས་ཁུལ་ལ་གུར་དང་། འཕྲོད་བསྟེན་ཁུག་མ། ཉལ་ཆས། ཉལ་ཁྲི། གྱོན་གོས་སོགས་རྒུད་སྐྱོབ་དངོས་ཟོག་སྣ་ཁ་2500འཕྲལ་དུ་མཁོ་འདོན་ཡང་བྱས་ཡོད། ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་ཀྱིས་ཆུ་དང་། སྟབས་བདེའི་ཐུག་པ། འོ་མ་བཅས་ཁྱོན་སྒམ་5500ལྷག་ཙམ་རྒྱབ་སྐྱོར་བྱས་པ་དང་། གེགས་ཁུལ་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་རྒུད་སྐྱོབ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད།
ཟླ་8ཚེས་26ཉིན་གྱི་ཆུ་ཚོད་10དང་སྐར་མ་30ཙམ་ལ་ནེ་པ་ལའི་ཕྱོགས་སུ་ཆུ་རུད་ཀྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་འགག་སྒོར་མི་སྣ་ཤི་རྨས་དང་འབྲེལ་བ་ཆད་པའི་གནས་ཚུལ་ཚབས་ཆེན་ཐོན་ཡོད་པ་རེད།