གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་27ཉིན། 16:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
གསར་འགོད་པར་དེ་རིང་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། བལ་ཡུལ་གྱི་མཚོ་་གཙང་པོ་དེ་ཕུ་རེ་ཕུ་ཆེན་གཙང་པོར་འདུས་ཏེ་འདུས་མཚམས་སུ་འགག་རྫིང་མངོན་གསལ་དོད་པོར་ཆགས་ཡོད། དེ་རིང་སྔ་དྲོའི་བར་དུ་ཚོད་དཔག་བྱས་པ་ལྟར་ན། ཆུའི་གཏིང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་200ཟིན་ཡོད་པ་དང་། ད་ལྟ་ཆུ་འཁྱིལ་ནས་ཤོར་ཉེན་གྱི་གནས་སུ་སླེབས་ཡོད། མ་འོངས་པའི་ཉིན་3ནང་ཆུའི་གཏིང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་300ཙམ་འདུས་རྒྱུའི་སྔོན་དཔག་བྱས་ཡོད་པས། འགག་རྫིང་ཤོར་ཉེན་ཁ་ཧ་ཅང་ཆེ། ད་ལམ་ཆུ་བེད་པུའུ་ཡིས་འགག་རྫིང་གི་འགྱུར་ལྡོག་ལ་ལྟ་ཞིབ་ནན་ཏན་བྱེད་བཞིན་ཡོད་པ་དང་ཆབས་ཅིག་ཆུ་ཤོར་ནས་ཆུ་ལོག་འབྱུང་མིན་དབྱེ་ཞིབ་བྱས་ཏེ། ཉེན་འགོག་རོགས་སྐྱོབ་ལ་གཞི་འཛིན་ས་མཁོ་འདོན་བྱེད་བཞིན་ཡོད།