འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་27ཉིན།

༄༅།།ནེ་པ་ལར་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཆེ་མོ་ཁང་གིས་འཕྲལ་སྡོམ་གྱི་བྱ་ཐབས་སྤྱད་པ། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་27ཉིན། 11:27】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་8ཚེས་26ཉིན། ནེ་པ་ལའི་བྱང་རྒྱུད་རི་ཁུལ་དུ་གློ་བུར་གཞི་ཁྱོན་ཆེ་བའི་ཆུ་ལོག་ཐོན་ནས་མི་སྣ་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པ་རེད། གནོད་འཚེ་ཐོན་རྗེས་ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འཕྲལ་མར་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་ནས་གནོད་འཚེ་ཕོག་པའི་ཁུལ་གྱི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས་ཀྱི་ཉེན་ཁ་དང་འབྲེལ་བ་ཡོད་པའི་གནས་ཚུལ་ཆ་རྒྱུས་བླངས་པ་རེད།

    ནེ་པ་ལ་སྲིད་གཞུང་གིས་ལཱ་སུའུ་ཝ་དང་། ནུའུ་ཝ་གོ་ཏེ། ཐ་ཏིང་བཅས་“གནོད་འཚེ་ཕོག་ཁུལ་”གྱི་རྫོང་གསུམ་དུ་ཡིན་པ་ཁྱབ་བསྒྲགས་བྱས་པ་དང་། ཆ་རྒྱུས་ལེན་ཡུན་ཟླ་བ་གསུམ་ཡིན་པ་རེད།