གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་27ཉིན། 11:26】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འཕྲལ་སྡོམ་དོ་དམ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུས་ཀྱིས་ཀྲུང་གོའི་རོགས་སྐྱོབ་རུ་ཁག་གི་མེ་ཟོན་རོགས་སྐྱོབ་བཀོད་འདོམས་པ་111མངགས་ཏེ་མྱུལ་ཞིབ་དང་། སྲོག་སྐྱོབ། བཤིག་བྱེད། འཕྲིན་གཏོང་། འགན་ལེན་སོགས་ཀྱི་སྒྲིག་ཆས་དངོས་ཟོག་འཁྱེར་ནས་གནོད་འཚེ་ཕོག་ཡུལ་དུ་རོགས་སྐྱོར་བྱེད་པར་བསྐྱོད་པ་རེད། ཀྲུང་གོའི་རོགས་སྐྱོབ་རུ་ཁག་ནི་པེ་ཅིང་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་དང་སི་ཁྲོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་ཆེད་ལས་འཚོལ་སྐྱོབ་སྟོབས་ཤུགས་ལས་གྲུབ་པ་དང་། དེ་སྔོན་གནོད་འཚེ་ཚབས་ཆེན་དང་དོན་རྐྱེན་ཚབས་ཆེན་གྱི་རོགས་སྐྱོབ་ལས་དོན་ནང་ཐེངས་མང་ཞུགས་མྱོང་ཡོད།