གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་27ཉིན། 10:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཚེས་26ཉིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བ་དང་། མིག་སྔར། ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་འཕྲལ་དུ་ཡུལ་དེར་སྐྱོད་ཀྱི་ཡོད།
བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་བྱུང་བར་རོགས་སྐྱོབ་དཀའ་བའི་རྒྱུ་མཚན་ཅི་ཡིན་ནམ། ཞོར་ཐོན་གནོད་འཚེ་གང་དག་ལ་དོགས་ཟོན་བྱེད་དགོས།
རང་བྱུང་ཐོན་ཁུངས་པུའི་ས་གཤིས་གནོད་འཚེའི་ལག་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱི་བཟོ་འགོད་པ་ཁྲེན་ཧུང་ཆིས་བཤད་རྒྱུར། གཟུགས་བརྙན་དཔྱད་གཞིར་དབྱེ་ཞིབ་བྱས་པ་བརྒྱུད། དོན་རྐྱེན་ཐོན་པའི་ས་ཁོངས་ཀྱི་ས་དབྱིབས་དང་ཆུ་དཔྱད་ཆ་རྐྱེན་ཧ་ཅང་རྙོག་འཛིང་ཆེ་ཞིང་། གནོད་འཚེ་དེ་ས་གནས་དེ་གའི་གྲོག་རོང་ཞིག་གི་ལུང་པ་གཉིས་ཀྱི་ལུང་མདོ་རུ་ཐོན་པ་དང་། རི་ངོས་ཀྱི་མཐོ་ཚད་ཧེ་བག་སྟོང་སྨི་3ལས་བརྒལ་བ་མ་ཟད། རི་རྩེར་ད་དུང་འཁྱགས་རོམ་དང་མཚེའུ་ཡོད་པ་རེད།
ཁྲེན་ཧུང་ཆིས་བསྟན་དོན།
མིག་སྔར་འབྱུང་འགོའི་རི་བོའི་གཏོར་སྐྱོན་ཁུལ་གྱི་བརྟན་ལྷིང་རང་བཞིན་ད་དུང་མི་གསལ་པས། ཞོར་ཐོན་གནོད་འཚེ་བརྡར་གཅོད་དང་རྒྱབ་ཕྱོགས་རོགས་སྐྱོབ་ཀྱི་བདེ་འཇགས་ལ་ཐད་ཀར་ཤུགས་རྐྱེན་བཟོས་ཡོད།
ལུང་པ་གཉིས་ཀའི་སྟོད་རྒྱུད་ཀྱི་ཆུའི་གནས་ཚུལ་བརྟན་པོ་ཡིན་མིན་ཡང་རིམ་གྱིས་གསལ་རྟོགས་བྱ་དགོས།
ས་གནས་དེ་ནི་རི་མཐོ་གྲོག་རོང་དང་གཅིག་སྡུད་ཆུ་འདྲེས་ཀྱི་ས་དབྱིབས་ཡིན་པས། གལ་སྲིད་ཆར་པ་བབས་ཚེ་གཏན་འཇགས་མིན་པའི་རང་བཞིན་ཇེ་ཆེར་འགྱུར་ངེས།
ཡུལ་དངོས་ཀྱི་ས་དབྱིབས་དོག་པས་རྡིབ་ཉིལ་འབྱུང་བར་དོགས་ཟོན་དང་རྡོ་ལྷུང་བ་སོགས་ལ་དོགས་ཟོན་བྱེད་དགོས།
སྐྱིད་གྲོང་རྫོང་དུ་མ་འོངས་པའི་ཉིན་གསུམ་ལ་ཆར་པ་འབབ་རྒྱུ་དང་ཆར་ཤུགས་ཆེན་པོ་མིན།
ཀྲུང་གོའི་གནམ་གཤིས་ཅུས་ཀྱི་གནམ་གཤིས་སྔོན་བརྡ་ལ་གཞིགས་ན། མ་འོངས་པའི་ཉིན་ཤས་རིང་སྐྱིད་གྲོང་རྫོང་དུ་ཆར་པ་ཡང་ཡང་འབབ་རྒྱུ་དང་། ཉིན་མཚན་གྱི་དྲོད་ཁྱད་ཆེན་པོ་ཡོད།
སྔོན་དཔག་བྱས་ན། སྐྱིད་གྲོང་རྫོང་དུ་མ་འོངས་པའི་ཉིན་གསུམ་(ཚེས་27ནས་ཚེས་29བར)ནང་ཆར་པ་འབབ་རྒྱུ་ཡིན་མོད། འོན་ཀྱང་ཆར་ཤུགས་ཆེན་པོ་མིན། དེ་རིང་ཆར་པ་འབྲིང་ཙམ་འབབ་རྒྱུ་དང་སང་ཉིན་དང་གནངས་ཉིན་ཆར་པ་ཆུང་ཙམ་འབབ་རྒྱུ་རེད། དྲོད་ཚད་ཐད་མ་འོངས་པའི་ཉིན་གསུམ་ནང་དེ་གར་དྲོད་ཚད་མཐོ་ཤོས་ནི་19℃དང་དམའ་ཤོས་ནི་9℃ཡིན་པ་དང་། སྔ་དགོང་གི་དྲོད་ཚད་ཅུང་དམའ་བ་དང་གྲང་ངར་ཆེ་བའི་ཚོར་སྣང་ཇེ་ཆེར་འགྲོ་གི་ཡོད། གལ་སྲིད་ཞོགས་པ་དང་མཚན་མོར་ཕྱི་རོལ་དུ་སྡོད་ཚེ་ལུས་ཀྱི་ཚོར་སྣང་ཅུང་གྲང་པོ་ཡིན།