འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་24ཉིན།

༄༅།།ཟླ་བདུན་པར་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་24ཉིན། 09:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་དང་པོ་ནས་བདུན་པའི་བར། རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་61399ཟིན་པ་དེ་དུས་མཚུངས་ལས་4.7%འཕར་ཡོད།

ཟླ་བདུན་པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་ཁྲི་1.04ཟིན་པ་དེ་དུས་མཚུངས་ལས་1.7%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ཟླ་རེའི་གློག་སྤྱོད་ཚད་ཀྱི་གཞི་ཁྱོན་སླར་ཡང་ཆན་ཝ་དུང་ཕྱུར་ཁྲི་1ལས་བརྒལ་བ་རེད།

ཟླ་བདུན་པར། ཐོན་ལས་དབྱེ་ནས་གློག་སྤྱོད་ཚད་ལ་བལྟས་ན། ཐོན་ལས་དང་པོའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་167ཟིན་པ་དེ་དུས་མཚུངས་ལས་2.0%ཆག་ཡོད། ཐོན་ལས་གཉིས་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6116ཟིན་ནས་དུས་མཚུངས་ལས་3.0%འཕར་ཡོད། དེའི་ནང་བཟོ་ལས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་6055ཟིན་པ་དེ་དུས་མཚུངས་ལས་3.3%འཕར་བ་དང་། ལག་རྩལ་མཐོ་བ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1220ཟིན་པ་དེ་དུས་མཚུངས་ལས་8.9%འཕར་ཡོད། ཐོན་ལས་གསུམ་པའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2183ཟིན་ནས་དུས་མཚུངས་ལས་4.8%འཕར་ཡོད། དེའི་ནང་གློག་གསོག་དང་གློག་རྫས་བརྗེ་བའི་ཞབས་ཞུའི་ལས་རིགས་དང་དྲ་སྦྲེལ་གྲངས་གཞིའི་ཞབས་ཞུའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་164དང་99སོ་སོར་ཟིན་ནས་འཕར་ཚད་50.3%དང་40.1%ཟིན་པ་རེད།