འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་21ཉིན།

༄༅།།ཀྲུང་ལོའི་ལྕགས་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་9000ལས་བརྒལ་བ།

ཟོག་འདྲེན་མེ་འཁོར་ཐེངས་གྲངས་ཁྲི་8ལྷག་ཙམ་བཏང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་21ཉིན། 10:51】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རིམ་རྩིས་བརྒྱབ་ན་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཧྲིལ་པོ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་9000ལས་བརྒལ་ཞིང་། དེའི་ནང་རྒྱལ་མཚམས་སྒྲོལ་བའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2100ལྷག་ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཟོག་འདྲེན་མེ་འཁོར་ཐེངས་གྲངས་ཁྲི་8ལྷག་ཙམ་བཏང་བ་དང་། རྒྱལ་མཚམས་ལས་སྒྲོལ་བའི་ཟོག་འདྲེན་མེ་འཁོར་ཁྲི་2.3ལྷག་ཙམ་བཏང་ཡོད་པ་རེད།

     2021ལོའི་ཟླ་12ཚེས་3ཉིན་ཀྲུང་ལོའི་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་། སྐྱེལ་འདྲེན་བྱེད་ཚད་རིམ་བཞིན་མང་དུ་སོང་ཡོད། 2026ལོ་ཚུན་དུ། ཉིན་རེར་ཆ་སྙོམས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་6.7ལྷག་ཙམ་ཟིན་པ་དང་། སྔ་རྗེས་སུ་ཏུན་ཁྲི་8000དང་ཏུན་ཁྲི་9000ཡི་འགག་སྒོ་ལས་ཚད་བརྒལ་བྱུང་སྟེ། “རྫོགས་ལྡན་བགྲོད་ལམ་ཆེན་པོར”གྲགས་པའི་རྒྱལ་སྤྱིའི་ཟོག་འགྲུལ་གྱི་ནུས་ཕྱོད་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད་པ་རེད།