གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 08ཚེས་17ཉིན། 15:18】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཀྲུང་དབྱང་གནམ་གཤིས་དྲ་བའི་གནས་ཚུལ་ལྟར་ན། རང་བྱུང་ཐོན་ཁུངས་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ཟླ་8ཚེས་16ཉིན་གྱི་ཆུ་ཚོད་18པར་མཉམ་འབྲེལ་ཐོག་ས་གཤིས་ཀྱི་གནོད་འཚེའི་ཉེན་བརྡ་སེར་པོ་བཏང་བ་རེད། སྔོན་དཔག་བྱས་པ་ལྟར་ན། ཟླ་8ཚེས་16ཉིན་གྱི་ཆུ་ཚོད་20ནས་ཚེས་17ཉིན་གྱི་ཆུ་ཚོད་20བར། སི་ཁྲོན་གྱི་དབུས་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ས་གཤིས་ཀྱི་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེ་བ་ཡོད་(ཉེན་བརྡ་སེར་པོ་)། སྲིད་གཞུང་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་འཕྲལ་སྡོམ་འཆར་གཞི་ལྟར་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་གི་ལས་དོན་ཡག་པོར་སྒྲུབ་དགོས། སྤྱི་ཚོགས་ཀྱི་སྤྱི་དམངས་ཚོས་ས་གཤིས་ཀྱི་གནོད་འཚེའི་ཉེན་བརྡའི་ཆ་འཕྲིན་ལ་དུས་ཐོག་ཏུ་དོ་སྣང་བྱེད་པ་དང་། ས་གཤིས་ཀྱི་གནོད་འཚེའི་ཉེན་བརྡ་བཏང་ཁུལ་དུ་སྐྱོད་སྐབས་གཟབ་གཟབ་གནང་དགོས། ཉེན་བརྡ་སེར་པོ་བཏང་ཁུལ་དུ་ཡོད་པའི་མི་སྣས་ཉེན་བརྡའི་ཆ་འཕྲིན་ལ་འགྱུར་ལྡོག་བྱུང་ཚེ་དུས་ཐོག་ཏུ་དོ་སྣང་བྱེད་པ་དང་། ཉེ་འགྲམ་གྱི་ཉེན་བརྡའི་རྟགས་ལ་དོ་སྣང་བྱས་ཏེ། ལུང་གཤོང་དང་གྱེན་གཟར། བྲག་ངོས་སོགས་ཉེན་ཁ་ཆེ་ཁུལ་དུ་སྡོད་མི་རུང་།