འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་17ཉིན།

༄༅།།སང་ཉིན་ནས་བཟུང་། ལས་ཀ་གྲོལ་རྗེས་སྔ་ཙམ་ཁྱིམ་དུ་ལོག་རོགས།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་17ཉིན། 15:10】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ཟླ་8ཚེས་16ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་དུས་འབྲིང་གི་གནམ་གཤིས་སྔོན་བརྡ་བཏང་བ་རེད། སྔོན་དཔག་བྱས་ན། མ་འོངས་པའི་ཉིན་10ཡི་རིང་། རང་ལྗོངས་སུ་ཆར་པ་འབབ་པའི་གནམ་གཤིས་བརྒྱུད་རིམ་གསུམ་འབྱུང་རྒྱུ་ཡིན་པ་དེའི་ནང་ཚེས་17ཉིན་ནས་19ཉིན་བར་ཤུགས་ཚད་ཆེ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་བཅས་ཀྱི་ས་བབ་དམའ་བའི་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་ཤིན་ཏུ་ཆེན་པོ་འབབ་རྒྱུ་རེད། ཚེས་20ཉིན་གྱི་རྗེས་སུ་སྤྱིའི་ཆ་ནས་ཆར་ཤུགས་ཇེ་ཆུང་དུ་འགྲོ་རྒྱུ་རེད། ཉིན་གུང་གི་རྗེས་སུ་ནག་ཆུ་དང་། ཆབ་མདོ། གཞིས་རྩེ། ལྷ་ས། ལྷོ་ཁ་སོགས་སུ་དུས་ཐུང་ནང་ཆར་པ་ཤུགས་ཆེན་འབབ་རྒྱུ་དང་། འབྲུག་སྒྲ་སྒྲོག་ཅིང་རླུང་འཚུབ་ལྡང་རྒྱུ་དང་སེར་བ་འབབ་པ་སོགས་ཀྱི་གནམ་གཤིས་བསྟན་སླ་པོ་ཡོད།

གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ།

ཟླ་8ཚེས་17ཉིན་ནས་ཟླ་8ཚེས་19ཉིན་བར། ཉིང་ཁྲི་དང་། གཞིས་རྩེ། ལྷོ་ཁ། ཆབ་མདོ་བཅས་སུ་ཆར་པ་ཆུང་ངུ་ནས་འབྲིང་ཙམ་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ལ་ཆར་པ་འབྲིང་ཙམ་ནས་ཆེ་བ་འབབ་རྒྱུ། དེའི་ནང་གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲིའི་ལྷོ་རྒྱུད་ས་བབ་དམའ་བའི་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་ཤིན་ཏུ་ཆེན་པོ་འབབ་རྒྱུ། ལྷ་ས་དང་། ནག་ཆུའི་ཤར་རྒྱུད། མངའ་རིས་ཀྱི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་ངུ་འབབ་རྒྱུ་དང་། ཡང་ན་འབྲུག་སྒྲ་ལྡིར་བཞིན་ཆར་པ་འབབ་རྒྱུ། ས་ཁུལ་ཁག་གཅིག་ལ་ཆར་པ་འབྲིང་ཙམ་འབབ་རྒྱུ། ས་གནས་གཞན་དག་ཏུ་གནམ་འཐིབས་རྒྱུ་དང་། ས་ཁུལ་ཁག་གཅིག་ལ་ཆར་པ་ཆུང་ངུ་འབབ་རྒྱུ།

ཟླ་8ཚེས་20ཉིན་ནས་ཟླ་8ཚེས་23ཉིན་བར། ནག་ཆུ་དང་། གཞིས་རྩེའི་བྱང་རྒྱུད། མངའ་རིས་ཀྱི་ཤར་རྒྱུད། ཉིང་ཁྲི་བཅས་སུ་ཆར་པ་ཆུང་ངུ་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ལ་ཆར་པ་འབྲིང་ཙམ་ནས་ཆེ་ཙམ་འབབ་རྒྱུ། ལྷོ་ཁའི་ལྷོ་རྒྱུད་དང་། ཆབ་མདོའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་སྤྲིན་ནག་འཐིབས་ནས་ཆར་པ་ཆུང་ངུ་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ལ་ཆར་པ་འབྲིང་ཙམ་འབབ་རྒྱུ། ས་གནས་གཞན་དག་ཏུ་གནམ་འཐིབས་རྒྱུ་དང་། ས་ཁུལ་ཁག་གཅིག་ལ་ཆར་པ་ཆུང་ངུ་འབབ་རྒྱུ་དང་ཡང་ན་འབྲུག་སྒྲ་ལྡིར་བཞིན་ཆར་པ་འབབ་རྒྱུ།

ཟླ་8ཚེས་24ཉིན་ནས་ཟླ་8ཚེས་26ཉིན་བར། ནག་ཆུ་དང་། གཞིས་རྩེ། ཉིང་ཁྲི། མངའ་རིས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་ངུ་འབབ་རྒྱུ་དང་། ས་ཁུལ་ཁག་གཅིག་ལ་ཆར་པ་འབྲིང་ཙམ་འབབ་རྒྱུ། ས་གནས་གཞན་དག་ཏུ་གནམ་འཐིབས་རྒྱུ་དང་། ས་ཁུལ་ཁག་གཅིག་ལ་ཆར་པ་ཆུང་ངུ་འབབ་པ་དང་། ཡང་ན་འབྲུག་སྒྲ་ལྡིར་བཞིན་ཆར་པ་འབབ་རྒྱུ།