འཚོལ་བཤེར།   
藏文频道
2026ལོའི་ཟླ་8ཚེས་6ཉིན།

ནོར་སྲིད་པུས་ཞིང་ལས་གྲོང་གསེབ་པུའུ་དང་ཆུ་བེད་པུའུ་མཉམ་དུ།

༄༅།།ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ཆུ་བེད་གེགས་སེལ་ཐད་མ་དངུལ་སྒོར་དུང་ཕྱུར་21.54སྤྲད་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 08ཚེས་06ཉིན། 10:16】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ནོར་སྲིད་པུས་ཞིང་ལས་གྲོང་གསེབ་པུའུ་དང་ཆུ་བེད་པུའུ་མཉམ་དུ་ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ཆུ་བེད་གེགས་སེལ་ཐད་མ་དངུལ་སྒོར་དུང་ཕྱུར་21.54སྤྲད་པ་རེད། དེའང་གཅིག་ནས་ཀོང་ཤིས་དང་། ཧུའུ་པེ། ཧུའུ་ནན། ཀོང་ཏུང་། ཁྲུང་ཆིང་། ཀུའེ་ཀྲོའུ་སོགས་ཞིང་ཆེན་6གིས་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཉམས་གསོ་སོགས་ཆུ་ལོག་དང་ས་ཡོམ་རྗེས་ཀྱི་གེགས་སེལ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་དང་། གཉིས་ནས་ལེའོ་ཉིང་དང་། ཅི་ལིན། ཀྲེ་ཅང་། ཀོང་ཤིས། ཧུའུ་པེ་སོགས་ཞིང་ཆེན་5ཡིས་ཞིང་ནང་སྐྱེ་དངོས་ལ་ལུད་དང་ཆུ་རྒྱག་པ་དང་། ལོ་ཏོག་བསྡུ་རྒྱུ་མེད་པའི་ཞིང་ཁར་ཞིང་ལས་སྐྱེ་དངོས་འདེབས་སྒྱུར་གསབ་འདེབས་བྱེད་པ། འབྲོག་ལས་ལ་ཕྱུགས་རིགས་མང་དུ་དང་ཉ་ལས་ལ་ཉ་ཕྲུག་གསབ་གསོ་བྱེད་པ། གཏོར་སྐྱོན་ཕོག་པའི་སྒྲིག་བཀོད་ཉམས་གསོ་སོགས་གེགས་རྗེས་ཐོན་སྐྱེད་སླར་གསོའི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ། གསུམ་ནས་ཧྲན་ཤིས་དང་། ཤིན་ཅང་། ཀན་སུའུ་སོགས་ཞིང་ཆེན་3གྱིས་དུས་ཐོག་ཏུ་ཞིང་ལས་སྐྱེ་དངོས་འདེབས་སྒྱུར་གསབ་འདེབས་དང་། འབྲོག་ལས་ལ་ཕྱུགས་རིགས་མང་དུ་གཏོང་བ་སོགས་ཆུ་ལོག་དང་སེར་བ་བབས་རྗེས་ཀྱི་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ། བཞི་ནས་འགོག་སྲུང་སྦྲེལ་མཐུད་ལ་དམིགས་ཏེ་ཧོ་པེ་དང་། ནང་སོག ཅི་ལིན། ཧེ་ལུང་ཅང་། ཅང་སུའུ། ཨན་ཧུའེ། ཅང་ཤིས། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཧུའུ་ནན། ཤིན་ཅང་། སི་ཁྲོན་བཅས་ཞིང་ཆེན་13དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་པེ་ཏ་ཧོང་ས་རྒོད་གསར་སྦོལ་ཚོགས་པས་ཆུ་གཏོར་ལས་སྒྲུབ་སོགས་སྟོན་འབྲུའི་གནོད་འཚེ་སྔོན་འགོག་བྱ་ཐབས་ལག་ལེན་བསྟར་བར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།