འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་20ཉིན།

༄༅།།རང་རྒྱལ་གྱི་འོད་དྲོད་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་20ཉིན། 16:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2026ལོའི་མཚོ་སྔོན་གྱི་ནུས་རྒྱུ་གཙང་མའི་འཕེལ་རྒྱས་གླེང་སྟེགས་ཟི་ལིང་དུ་འཚོགས་ཤིང་། ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2026ལོའི་ཟླ་6པའི་ཟླ་མཇུག་བར། རང་རྒྱལ་གྱིས་འོད་དྲོད་གློག་འདོན་རྣམ་གྲངས་ཁག་24བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པར། གློག་འདོན་ཤུགས་ཆན་ཝ་ཁྲི་210ཟིན་ཏེ་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་པ་དང་། སྐྲུན་བཞིན་པའི་གློག་འདོན་རྣམ་གྲངས་ཁག་26ཡོད་པར་གློག་འདོན་ཤུགས་ཆན་ཝ་ཁྲི་320ཟིན་པས། ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་འོད་དྲོད་གློག་གཏོང་གསར་སྣོན་འཕྲུལ་འཁོར་ནས་གློག་གཏོང་མཁན་གལ་ཆེན་ཞིག་ཏུ་གྱུར་ཡོད།

མིག་སྔར། རང་རྒྱལ་གྱི་རབས་བཞི་པའི་འོད་དྲོད་གློག་གཏོང་ལག་རྩལ་ཁྱབ་ཁོངས་དེ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་སླེབས་ནས། མཐོ་ལྕོག་རྣམ་པ་དང་། གཞོང་དབྱིབས་རྣམ་པ། ཧྥེ་ཉེར་རྣམ་པ་སོགས་ཀྱི་གཙོ་རྒྱུན་འོད་དྲོད་གློག་གཏོང་ལག་རྩལ་བྱང་ཆུབ་པའི་ངང་ཁོང་དུ་ཆུད་པ་མ་ཟད། གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་འོད་དྲོད་གློག་གཏོང་གི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའང་བསྐྲུན་ཟིན་ནས། ལག་རྩལ་སྒྲིག་ཆས་རང་རྒྱལ་ནས་ཐོན་སྐྱེད་བྱེད་ཚད་95%ལས་བརྒལ་བ་དང་། ཚ་དྲོད་ལེན་པ་དང་། གསོག་ཉར། གཅིག་སྡུད་སོགས་ཀྱི་ལྟེ་བའི་རྒྱུ་ཆའི་སྒྲིག་ཆས་རང་བརྟེན་ཐོན་སྐྱེད་ཐུབ་པ་བཅས་བྱུང་ནས། གློག་ཁང་འཁོར་སྐྱོད་དང་བདག་སྐྱོང་གི་ལག་རྩལ་རྒྱུན་མཐུད་བྱང་ཆུབ་ཏུ་ཕྱིན་ཡོད་པ་རེད།