གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་18ཉིན། 10:21】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཤང་ཀང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》དེབ་དང་པོའི་ཟོར་ལྕིའི་ཡི་གེའི་དཔར་མ་མཉམ་འབྲེལ་དཔེ་སྐྲུན(ཚོགས་པ)ཚད་ཡོད་ཀུང་སིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད། ཟླ་7ཚེས་15ཉིན། ཤང་ཀང་དཔེ་དེབ་འགྲེམས་སྟོན་སྐབས་36པའི་ཉིན་དང་པོར་དེབ་གསར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》དེབ་དང་པོའི་ནང་ཤིན་ཧྭ་གསར་འགྱུར་ཁང་གི་རྒྱས་འཕྲིན་རིང་གྲས་ཁག་26དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་འགྱུར་པར་རིས་ཁག་41བསྡུས་ཡོད་ཅིང་། ཡིག་རིས་ཟུང་འབྲེལ་གྱི་ལམ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོས་ཀྲུང་གོ་འདི་ཉིད་བསྐྱར་དར་གྱི་ཕྱོགས་སུ་སྣེ་ཁྲིད་གནང་བའི་སྤྱིར་བཏང་མིན་པའི་ལོ་རྒྱུས་བརྒྱུད་རིམ་མངོན་པར་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད། དེབ་དེའི་ཟོར་ལྕིའི་ཡི་གེའི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས་ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལྟེ་བའི་དོན་སྙིང་དང་མངོན་གསལ་དོད་པའི་ལག་ལེན་གྱི་ཁྱད་ཡོན་ཤེས་རྟོགས་གཏིང་ཟབ་བྱེད་པར་ཕན་ཐོགས་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བའི་འཐབ་ཇུས་ཀྱི་དགོངས་པ་དང་། དམངས་ལ་བཅངས་པའི་ཐུགས་བརྩེ་ཟབ་མོ། བླ་ན་མེད་པའི་བསམ་པའི་ཉམས་འགྱུར་བཅས་མྱོང་ཚོར་གང་ལེགས་ཐུབ་པ་དང་། ཤང་ཀང་དང་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གིས་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། རྒྱལ་ཁབ་ཀྱི་འདུ་ཤེས་ཟབ་ཏུ་དང་རྒྱལ་གཅེས་སྙིང་སྟོབས་ཆེ་རུ་གཏོང་བར་སློབ་སྦྱོང་གི་ཀློག་དེབ་གལ་ཆེན་མཁོ་འདོན་ཐུབ་ཡོད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྲིད་དོན་སི་དང་། ཤང་ཀང་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བ། ཤང་ཀང་གི་རྒྱལ་གཅེས་ཀང་གཅེས་སྒྲིག་གཞི་དང་སྲིད་ཚོགས་དང་སྤྱི་ཚོགས་ཚོགས་པའི་འཐུས་མི། ཤང་ཀང་གི་ཆབ་སྲིད་དཔལ་འབྱོར་དང་རིག་གནས་སློབ་གསོ་ལས་རིགས་ཀྱི་འཐུས་མི། ཤང་ཀང་གི་གཞོན་ནུའི་འཐུས་མི་སོགས་དེབ་གསར་འགྲེམས་སྤེལ་ཚོགས་འདུར་ཞུགས་ཡོད་པ་རེད། ཤང་ཀང་དུ་ཡོད་པའི་ཀྲུང་གོའི་ཁེ་ལས་མཐུན་ཚོགས་དང་ཤང་ཀང་སློབ་གསོ་ལས་དོན་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ས་གནས་ས་ཐོག་ཏུ་ཕུལ་བའི་དཔེ་དེབ་བླངས་པ་རེད། ཚེས་15ཉིན་ནས་བཟུང་། 《དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དངོས་བྲིས》དེབ་དང་པོའི་ཟོར་ལྕིའི་ཡི་གེའི་དཔར་མ་ཤང་ཀང་དང་ཨའོ་མོན་གྱི་དེབ་ཁང་ཆེ་གྲས་ཁག་ཏུ་བསྒྲིགས་ནས་གཙོ་གནད་ཐོག་འོས་སྦྱོར་འགྲེམས་འཚོང་བྱེད་འགོ་ཚུགས་པ་རེད།