གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་14ཉིན། 10:09】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉེ་བའི་ལོ་ཤས་རིང་། ལི་རྫོང་གི་སློབ་གྲྭ་མང་པོས་སློབ་མའི་དགའ་ཕྱོགས་དང་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ལུག་ལྤགས་རྔ་བྲོ་དང་། ཆའང་རིགས་ཀྱི་འཚེམ་དྲུབ། བོད་རིགས་དང་ཆའང་རིགས་ཀྱི་ཤོག་དྲས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་སྣ་ཚོགས་འཚོགས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་གཞི་རྟེན་དུ་བྱས་ནས་སློབ་མར་གར་སྟེགས་མཁོ་འདོན་བྱས་པས་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
འདི་ནི་ཉེ་ཆར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ལི་རྫོང་བཀྲ་ཤིས་གླིང་ཡིང་ཕན་སློབ་ཆུང་དུ་སློབ་མ་ཚོས་མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་ལ་ལུག་ལྤགས་རྔ་བྲོ་སྦྱོང་བཞིན་པ།