འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་9ཉིན།

༄༅།།མདུན་སྐྱོད་ཀྲུང་གོ། འབྲི་ཆུའི་ལྷོ་རྒྱུད་དུ་ཆུ་འབྲས་སྔོ་ལྷང་ལྷང་། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་09ཉིན། 14:01】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     མི་དམངས་དྲ་བར་དབྱིན་ཁྲོན་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ད་ལམ་ཉིང་ཞ་རུ་ཞིང་སར་རྨ་ཆུ་འདྲེན་ཁུལ་ཆུ་འབྲས་ཀྱི་ཞིང་སར་སྔོ་ལྗང་མུ་འབྲེལ་གྱིས་ཁེངས་ཤིང་། ཞིང་ས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། རྨ་ཆུ་འདྲེན་པའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལ་བརྟེན་ནས། དབྱིན་ཁྲོན་བདེ་ཐང་དུ་འབྲས་ཞིང་སྤུས་མ་མུ་འབྲེལ་བྱུང་བ་དང་། བུད་མ་ཐག་པའི་ཆུ་འབྲས་ཀྱི་ལྗང་བུའི་སྔོ་ལྗང་གིས་ཁེངས་ཤིང་། ཆུ་འགྲམ་གྱི་ནགས་ཤིང་གྲལ་སྟར་འགྲིག་པ། ས་རྒྱུ་གཤིན་པོ་དང་། ཆུ་བོ་རིང་པོ། ཐག་རིང་གི་རི་བོ་བཅས་ཕན་ཚུན་དབྱེར་མེད་ཚུལ་དུ་འདྲེས་ནས་དབྱར་གཞུང་དུས་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ཉམས་བཟང་གི་ཞིང་ཁ་ནི་མཛེས་སྡུག་ལྡན་པའི་རི་མོའི་ཚུལ་དུ་སྣང་ངོ་།