གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 07ཚེས་08ཉིན། 09:19】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཀུའེ་ཀྲོའུ་ཐུང་རེན་ནི་་ཕྱོགས་གསུམ་གཙང་པོར་བསྐོར་བ་དང་། རི་བོར་བརྟེན་ནས་ཆགས་པའི་ཕྱེད་གླིང་ཐོག རྨང་གཞི་གཏིང་ཟབ་ཅིང་ལོ་ངོ་དྲུག་བརྒྱ་ལྷག་ཙམ་བརྒྱུད་པའི་ཀྲུང་ནན་མོན་གནའ་གྲོང་ཆགས་ཡོད། དེ་གར་གནའ་གྲོང་གི་སྒོ་དང་། སྒོ་ར། མིང་དང་ཆིང་རྒྱལ་རབས་ཀྱི་གནའ་བོའི་ཡུལ་མིའི་སྡོད་ཁང་། སྔོན་གཤེགས་དཔའ་བོ་ཀྲོའུ་དབྱི་ཆུན་གྱི་སྡོད་ཁང་རྙིང་པ། གནའ་བོའི་སྒོ་ར་སོགས་འཛུགས་སྐྲུན་སྣ་མང་ཡོད། གློག་སྒྲོན་ཐོག་མར་བཀལ་སྐབས། གནའ་གྲོང་ཧྲིལ་པོ་འོད་མདངས་རབ་ཏུ་འཕྲོ་བ་དང་། གནའ་ཉམས་དོད་པོ་ཡོད།

“གནའ་གྲོང་ལ་གནའ་ཉམས་དོད་ལ་གསར་གཏོད་ཀྱིས་ཁེངས། ཐུང་རེན་རྒྱུས་ལོན་བྱེད་འདོད་ན་ངེས་པར་དུ་དེ་གར་ཡོང་དགོས” ཁྱིམ་ཉེ་འགྲམ་དུ་སྡོད་ཅིང་རྟག་ཏུ་འཆམ་འཆམ་དུ་ཡོང་བའི་གྲོང་མི་ཧོང་ཧྲན་ཧྲན་གྱིས་ཁྱིམ་གྱི་སྒོ་འགྲམ་པར་རྒྱག་ས་དེ་འོས་སྦྱོར་གང་ཐུབ་བྱས་པ་དང་། གནའ་བོའི་སྒོ་རའི་ནང་འཆམ་འཆམ་སོང་ནས། སྔོན་གཤེགས་དཔའ་བོའི་སྡོད་གནས་རྙིང་པར་གུས་མཇལ་བྱེད་པ། ལོ་མ་དང་མངོན་མིན་རིག་གནས་ཤུལ་བཞག་གི་འཚེམ་དྲུབ་ལ་ལྟ་བ། ཁྱད་ལྡན་མི་རིགས་ཀྱི་རྒྱན་གོས་ཉམས་ལེན་བྱེད་པ། ཇ་ཕོར་བ་གང་འཐུང་བ། རིག་གནས་ཀྱི་ཁྱབ་ཁོངས་ཟབ་མོ་དང་གྲོང་ཁྱེར་གྱི་ཚོན་ཁྲ་ཅན་མཉམ་འདྲེས་བྱས་ནས་གནའ་དེང་གི་ཡུལ་ལྗོངས་མཐོང་ཐུབ།

ཀྲུང་ནན་མོན་གནའ་གྲོང་ནི་ཐུང་རེན་གྱི་གཞི་ཁྱོན་ཆེ་ཤོས་དང་ལོ་རྒྱུས་ཤུལ་བཞག་ཕུན་སུམ་ཚོགས་ཤོས་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཉམས་འགྱུར་ཁུལ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེས་སྲུང་སྐྱོང་ཁྲོད་བེད་སྤྱོད་གསོན་པོ་བྱེད་པ་དང་རྒྱུན་འཛིན་ཁྲོད་གསར་གཏོད་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་གཏིང་ཟབ་སྤེལ་བ་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ། རིག་གནས་ཡུལ་སྐོར་གྱི་རྣམ་པ་གཏོད་པ་སོགས་སྣ་མང་བྱ་ཐབས་སྤྱད་དེ་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་དང་། ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་པ། བཟའ་བཏུང་དང་། ཞག་སྡོད། ཡུལ་སྐོར་པར་ལེན་སོགས་ལས་རིགས་དུས་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ནས། གནའ་གྲོང་ལ་གསོན་ཤུགས་གསར་རྐྱང་རྒྱུན་མཐུད་ངང་རྒྱས་བཞིན་འདུག(དབྱང་ཞི་དང་ཁྲེན་ཅེ་ཆོན།)
