འཚོལ་བཤེར།   
藏文频道
2026ལོའི་ཟླ་7ཚེས་2ཉིན།

༄༅།།འོས་འགན་སློབ་གསོའི་དུས་ཡུན་རིང་དུ་གཏོང་བར་འཚོལ་ཞིབ་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 07ཚེས་01ཉིན། 14:14】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སློབ་གསོ་འཕེལ་རྒྱས་ཀྱི་“ལོ་ལྔ་ཚན་བཅོ་ལྔའི”འཆར་འགོད》དཔར་འགྲེམས་བྱས་པ་རེད། 《འཆར་འགོད》ནང་“ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་། རྫོང་གིས་གཙོ་བོར་འཛིན་པ། གྲོང་ཁྱེར་དང་རྫོང་ཟུང་འབྲེལ”བཅས་ཀྱི་རྨང་གཞིའི་སློབ་གསོའི་དོ་དམ་སྒྲིག་སྲོལ་རིམ་བཞིན་ཁྱབ་གདལ་གཏོང་དགོས་ཞེས་པ་བཏོན། རྨང་གཞིའི་སློབ་གསོའི་ལོ་ངོ་བཅུ་གཉིས་ཀྱི་སློབ་ཚན་མ་ལག་གཅིག་གྱུར་འཆར་འགོད་དང་ཇུས་འགོད་བྱས་ཏེ་སྤུས་ལེགས་སློབ་ཚན་དང་ཐོན་ཁུངས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས།

སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་མའི་ཁྱིམ་བདག་ཚོ།

འོས་འགན་སློབ་གསོའི་ལོ་ཚད་རིང་དུ་གཏོང་བ་འཚོལ་ཞིབ་བྱ་རྒྱུ་རེད།

ཚོགས་པ་ཅན་གྱི་སློབ་གཉེར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ཟབ་སྤེལ་བྱེད་དགོས།

གཏན་འབེབས་ལྟར་རྫོང་ཁོངས་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་བར་ལྟ་སྐུལ་མཛུབ་ཁྲིད་དང་ངོས་འཛིན་བྱས་ཏེ། གྲོང་ཁྱེར་ཁྱབ་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་གཏོང་དགོས།

རེས་སྐོར་གསར་པའི་འོས་འགན་སློབ་གསོའི་ལྷུ་ཚིགས་ཞན་ས་ལེགས་བཅོས་དང་ནུས་པ་ཆེ་རུ་གཏོང་བའི་ལས་དོན་ལག་བསྟར་བྱས་ནས། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་སྐུལ་འདེད་གཏོང་དགོས།

ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་དགོས་ངེས་ཀྱི་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་ཡག་པོར་གཉེར་དགོས།

སློབ་གྲྭ་འབྲིང་ཆུང་གི་ཉི་འོད་སློབ་བསྡུའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་གཏོང་དགོས།

“ཉིས་འཕྲི་”དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བ་དང་། སློབ་ཕྱིའི་གསོ་སྦྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཁྲིད་རྗེས་ཀྱི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས།

སློབ་ལོ་ལོན་པའི་མི་འབོར་སྔོན་དཔག་དང་སྔོན་ཚུད་ཉེན་བརྡའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སློབ་ལོ་ལོན་པའི་མི་འབོར་ཞུགས་ཚད་གཙང་མའི་གྲོང་ཁྱེར་དང་གྲོང་རྡལ་དང་རྨང་གཞི་ཞན་པའི་ས་ཁུལ་དུ་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་བྱེད་དགོས།

འོས་འགན་སློབ་གསོའི་འཛིན་གྲྭའི་ཀྲུའུ་རེན་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་དཔྱིད་ཀ་དང་སྟོན་ཁའི་གུང་གསེང་ཁྱབ་སྤེལ་གཏོང་དགོས།