གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་30ཉིན། 14:36】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཞི་ཅིན་ཕིང་གིས་བདུན་གཅིག་གཟེངས་རྟགས་ཐོབ་མཁན་ལ་གཟེངས་རྟགས་སྤྲད་རྒྱུ་མ་ཟད། གསུང་བཤད་གནང་རྒྱུ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་7ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོག་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བདུན་གཅིག་གཟེངས་རྟགས་ཐོབ་མཁན་ལ་གཟེངས་རྟགས་སྤྲད་རྒྱུ་མ་ཟད། གསུང་བཤད་གནང་རྒྱུ་རེད།
ཚོགས་ཆེན་ཐོག་ད་དུང་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་མི་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་གི་ལས་དོན་པ། རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་བཅས་ལ་གཟེངས་བསྟོད་བྱ་རྒྱུ་རེད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཤིན་ཧྭ་དྲ་བས་ཚོགས་ཆེན་ཐད་གཏོང་བྱ་རྒྱུ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱོད་སྣེ། ཤིན་ཧྭ་གསར་འགྱུར་ཁང་གི་སྤྱོད་སྣེ།ཀྲུང་དབྱང་གསར་འགྱུར་གྱི་སྤྱོད་སྣེ་སོགས་སྨྱན་སྦྱོར་གསར་པའི་སྟེགས་བུ་ནས་དུས་གཅིག་ཏུ་རྒྱུད་གཏོང་བྱ་རྒྱུ་རེད།