གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་23ཉིན། 09:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གྲང་ཕྲེང་སོས་པ་དང་། རྒྱུན་མཁོའི་བརྒྱ་ཟོག ངར་ལྕགས་རྒྱུ་ཆ། རྫས་ལུད་སོགས་དངོས་ཟོག་གཙོ་རིགས་སྣ་ཚོགས་བླུགས་པའི“མཁའ་ལམ་གྱི་མྱུར་བགྲོད་མེ་འཁོར”བོད་སྐྱོད་གྲོང་སྦྲེལ་དུས་གཏན་མེ་འཁོར་བདེ་བླག་ངང་ལྷ་སའི་འབབ་ཚུགས་ནུབ་མར་འབྱོར་བ་དང་ལམ་ཐག་ཧྲིལ་པོར་ཆུ་ཚོད་45དང་སྐར་མ་42འགོར་ཡོད། དེ་ནི་བོད་སྐྱོད་གྲོང་སྦྲེལ་དུས་གཏན་མེ་འཁོར་ཤར་གཏོང་ཐུབ་ཚུན་དངོས་ཟོག་བྱུར་བུར་བླུགས་པའི་དུས་གཏན་མེ་འཁོར་ཐོག་མ་དེ་ཡིན་པ་དང་། དུས་གཏན་མེ་འཁོར་ཡོངས་ལ་འཁོར་སྒྲོམ་32བསྒྲིགས་པ་དང་དངོས་ཟོག་གི་སྤྱིའི་ལྗིད་ཚད་ཏུན་1407ཟིན་ནས་ཐད་ཀར་ལྷ་སར་འབྱོར་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་སྐྱོད་གྲོང་སྦྲེལ་དུས་གཏན་མེ་འཁོར་དེ་2023ལོའི་ཟླ་10པར་མེ་འཁོར་འཁོར་སྐྱོད་འཆར་གཞིའི་ནང་བཅུག་ཚུན། ཉིན་ལྟར་མེ་འཁོར་ཐེངས་གཅིག་གཏོང་བའི་རྒྱུན་རྣམ་ཅན་གྱི་སྐྱེལ་འདྲེན་སྒྲིག་འཛུགས་བྱེད་ཐབས་སྤྱད་དེ་དུས་ཡུན་ཐུང་བ་དང་། སྐྱེལ་འདྲེན་རིན་གོང་ཁེ་བ། སྐྱེལ་འདྲེན་བྱེད་འབོར་ཆེ་བ་སོགས་ཀྱི་ལེགས་ཆར་བརྟེན་ནས་དངོས་ཟོག་ཆུ་ཚོད་48ནང་ལྷ་སའི་འབབ་ཚུགས་ནུབ་མར་དབོར་ཐུབ་པས་བོད་དུ་འགྲོ་འོང་བྱེད་པའི་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་ཚོང་དོན་འཁོར་རྒྱུག་གི་གཞི་རྟེན་གལ་ཆེན་དུ་གྱུར་ཡོད། མིག་སྔར་དབྱར་གསེང་སྐྱེལ་འདྲེན་གྱི་འགག་རྩའི་དུས་མཚམས་སུ་སླེབས་པས་འགྲུལ་ཟོག་སྐྱེལ་འདྲེན་མཉམ་འདྲེས་དང་ལས་འགན་ལྕི་པོ་ཡོད་སྟབས་ད་ཐེངས་ཀྱི་ཚད་ལྡན་དུས་གཏན་མེ་འཁོར་བདེ་འཇགས་དང་བདེ་བླག་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱ་ཆེད། མཚོ་བོད་ཚོགས་པ་ཀུང་སིས་ཚན་རིག་དང་མཐུན་པའི་སྒོ་ནས་འགྲུལ་ཟོག་སྐྱེལ་འདྲེན་བཀོད་སྒྲིག་སྤྱི་འདོམས་བྱེད་པ་དང་། སྐྱེལ་འདྲེན་བརྒྱུད་རིམ་གནད་སྨིན་ངང་ལེགས་སུ་གཏོང་བ། སྔོན་ལ་བཀོད་སྒྲིག་དང་སྔོན་ལ་དུས་གཏན་མེ་འཁོར་གཏོང་བའི་འགན་ལེན་ལམ་སྲོལ་དོན་འཁྱོལ་བྱེད་པ། བརྒྱུད་རིམ་ཧྲིལ་པོར་མེ་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་ལྟ་རྟོག་ཚོད་འཛིན་བྱེད་པ། འབབ་ཚུགས་སུ་སྡོད་པ་དང་ལས་སྒྲུབ་ཀྱི་དུས་ཚོད་ཐུང་དུ་གཏོང་བ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་དུས་གཏན་མེ་འཁོར་བདེ་འཇགས་དང་ཚད་ལྡན་གྱི་སྒོ་ནས་དུས་ཐོག་ཏུ་སྐྱེལ་འདྲེན་ཐུབ་པ་དང་བོད་དུ་འབྱོར་བའི་འགན་ལེན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྐྱེལ་འདྲེན་སྤུས་ཚད་དང་ཕན་འབྲས་ལ་ཚད་བརྒལ་བྱུང་དོན་ནི་གནད་སྨིན་གྱི་ཁྲོམ་རའི་འགག་སྒྲོལ་དང་། ཚན་རིག་དང་མཐུན་པའི་སྒྲིག་འཛུགས་གསར་གཏོད། རྒྱུན་མཐུད་འཐུས་ཚང་གི་མཁྲེགས་ཆས་ཀྱི་འདེཌ་སྐྱོར་བཅས་ལས་བྱུང་བ་ཞིག་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མཚོ་བོད་ཚོགས་པ་ཀུང་སིས་ཆེད་དོན་གཉེར་ཚོང་ཚོགས་པ་བཙུཌ་ནས་ཟི་ལིང་ཉེ་འཁོར་གྱི་ཟོག་འདྲེན་ཁྲོམ་རར་ཧུར་ཐག་ཞུགས་པ་དང་། “རང་ཐོན་དང་། ཚོང་དོན། ཚོང་ཟོག་བསྡུ་རུབ”བཅས་ཀྱི་སྣ་མང་ཅན་གྱི་གཅིག་སྡུད་བྱ་ཐབས་གསར་གཏོད་བྱས་ནས་སྤྱོད་པ། ལྕི་ཡང་གི་དངོས་ཟོག་ཚན་རིག་དང་མཐུན་པའི་ངང་སྡེབ་སྐྱེལ་དང་སྣ་མང་མཉམ་བསྲེས་སྡེབ་སྒྲིག་གི་ཞིབ་ཚགས་ཅན་གྱི་ལས་དོན་ཁྱབ་གདལ་བཏང་ནས་དངོས་ཟོག་འབོར་ཆེན་སྐྱེལ་འདྲེན་གྱི་ཞན་ཆ་ནུས་ལྡན་ངང་སེལ་བ་དང་དུས་གཏན་མེ་འཁོར་གྱི་འཁོར་སྒྲོམ་སྒྲིག་པའི་གྲུབ་ཆ་ལེགས་སུ་བཏང་ཡོད། 2024ལོའི་ཟླ་3པ་ནས་བཟུང་། ཧྲོང་ཀྲའེ་ཟོག་འདྲེན་རྟེན་གཞིས་ནུས་རྒྱུ་ཆེར་གཏོང་སྒྱུར་བཀོད་ལ་རིམ་བཞིན་སྐུལ་འདེད་བཏང་ནས་རྟེན་གཞིའི་ཟོག་འགྲུལ་བསྡུ་འགྲེམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དུས་གཏན་མེ་འཁོར་སྤུས་ཚད་མཐོ་པོས་གཏོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།