འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་24ཉིན།

༄༅།།མདུན་སྐྱོད་ཀྲུང་གོ། གློག་བརྙན་ཁང་རྙིང་པའི་ནང་ཇ་ལོའི་དྲི་

མི་དམངས་དྲ་བའི“མདུན་སྐྱོད་ཀྱི་ཀྲུང་གོ”ཞེས་པའི་ཁྲུང་ཆིང་རྟོག་ཞིབ་དང་བཅར་འདྲི་ཚོགས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་17ཉིན། 16:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 






ཉེ་ཆར་ཁྲུང་ཆིང་གཙང་གཉིས་ཁུལ་གསར་གྱི་ཏ་ཧྲི་པཱ་རུ་ཡོད་པའི་སྔོན་མའི་ཅང་ལིང་བཟོ་གྲྭའི་གློག་བརྙན་ཟློས་གར་ཁང་དེ་རྣམ་པ་གསར་པ་ཞིག་ཏུ་འགྱུར་བ་སྟེ། ལོ་ཟླ་དང་དུས་རབས་ཀྱི་དྲན་ཤེས་དང་བརྩེ་སེམས་ཟབ་མོ་ལྡན་པའི་བཟོ་སྐྲུན་རྙིང་པ་ཞིག་ནས་ཅང་ལིང་ཇ་ཁང་ཞེས་པའི་དྲ་གྲགས་ཡུལ་གནས་ཤིག་ཏུ་གྱུར་ཏེ་མི་མང་པོ་ཞིག་གི་ཡིད་དབང་བཀུག་ཡོད་པས། གསོན་ཤུགས་ཀྱིས་ཁེངས་ནས་ཡོད།

ཇ་ཁང་ནང་སྔར་ཡོད་གློག་བརྙན་ཟློས་གར་ཁང་གི་ཐོག་སོ་གསུམ་གྱི་གྲུབ་ཆ་དང་དེ་བཞིན་གྱང་རྩིག་དང་། གློག་བརྙན་གྱི་འགྲེམས་བརྡ། ངར་ལྕགས་ཀྱི་གནམ་གཅལ་སོགས་སོར་བཞག་བྱས་ཡོད་པས་དུས་རབས་ཀྱི་ཉམས་ཀྱིས་ཕྱུག་ཡོད། ཐོག་སོ་དང་པོར་ཇ་ཆུ་དང་ཟས་རིགས་སྟབས་བདེ་འདོན་སྤྲོད་བྱེད་ཀྱི་ཡོད་པ་དང་། ཐོག་སོ་གཉིས་པར་སྔར་ཡོད་བཟོ་སྐྲུན་གྱི་གྲུབ་ཆ་སྤྱད་དེ་མར་འབེབས་རྣམ་པའི་སྡོད་གནས་བཟོས་ཡོད། ཐོག་སོ་གསུམ་པར་མཐོང་རྒྱ་ཆེ་བའི་ཇ་འཐུང་ས་བཀོད་སྒྲིག་བྱས་ཡོད་པ་རེད།

ཇ་ཁང་དུ་དུས་ངེས་མེད་དུ་སི་ཁྲོན་ཟློས་གར་གྱི་གདོང་འགྱུར་འཁྲབ་སྟོན་དང་། རོལ་དབྱངས་ཚོགས་པའི་ཡུལ་དངོས་དཀྲོལ་གཏོང་། ཇའི་སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ནས་གྲོང་མིའི་མྱོང་ཚོར་ཕུན་སུམ་ཚོགས་སུ་གཏོང་གི་ཡོད།

བཟོ་ལས་ཀྱི་ནང་དོན་ཟབ་མོ་ལྡན་པའི་ཁྲུང་ཆིང་དུ་བཟོ་ཁང་རྙིང་པ་དང་། ཐོག་ཁང་རྙིང་པ། བཟོ་ལས་ཤུལ་བཞག་སོགས་རྩ་ཆེ་བའི་གྲོང་ཁྱེར་ཀྱི་དྲན་པ་མང་པོའི་རྗེས་ཤུལ་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་གྲོང་ཁྱེར་གསར་བརྗེའི་ལས་གྲྭ་ལ་སྐུལ་འདེད་བརྟན་པོ་བཏང་ནས་ལོ་རྒྱུས་རིག་རྒྱུན་དང་། སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས། སྣོད་བཅུད་མཛེས་ལྗོངས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་གྱི་སྔར་ཡོད་རྣམ་པ་དང་བཟོ་ལས་ཀྱི་དྲན་ཤེས་སོར་འཇོག་བྱས་པའི་རྨང་གཞིའི་ཐོག ཐོན་ཁུངས་རྙིང་པ་གང་འགབ་ཅི་སྤྱོད་བྱས་ཡོད། བཟོ་སྐྲུན་རྙིང་པ་རབ་དང་རིམ་པ་བེད་སྤྱོད་ཞིབ་ཚགས་བྱས་པ་བརྒྱུད་རྣམ་པ་རྙིང་པ་དོར་ནས་སྐྱེ་སྟོབས་གསར་པ་རྒྱས་ཏེ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་མཚོན་རྟགས་གསར་པ་ཞིག་ཏུ་གྱུར་ཡོད།