འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་24ཉིན།

༄༅།།མདུན་སྐྱོད་ཀྲུང་གོ། ལྷ་སའི་འབབ་ཚུགས་ནུབ་མའི་ཟོག་འགྲེམས་བྲེལ་འཚུབ་རྣམ་པ།

ཡོང་ཁུངས། མི་དམངས་དྲ་བའི་བོད་ལྗོངས་འཕྲིན་ལམ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་05ཉིན། 14:50】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

ད་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་20འཁོར་བའི་ལོ་ཞིག་རེད། ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་ལྷ་སའི་འབབ་ཚུགས་ནུབ་མའི་ཟོག་འདྲེན་ར་བར་དོས་སྒམ་རི་ལྟར་བརྩེགས་པ་དང་ཟོག་འདྲེན་རླངས་འཁོར་འགྲོ་འོང་བྱེད་པ་དང་མེ་འཁོར་གྱི་དུང་སྒྲ་རིང་དུ་གྲགས་སྟེ། བྲེལ་འཚུབ་ཆེན་པོའི་རྣམ་པ་ཞིག་ཤར་ཡོད།

ལྗོངས་ཡོངས་ཀྱི་དངོས་ཟོག་བསྡུ་འགྲེམས་ལྟེ་གནས་ཡིན་པའི་ངོས་ནས། དེ་གར་དངོས་ཟོག་སྣ་ཚོགས་འགྲོ་འོང་བྱེད་མང་བས། ལྗོངས་ནང་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱེད་པ་མ་ཟད། ས་གནས་དེ་གའི་ཐོན་རྫས་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་པར་ཡང་རམ་འདེགས་བྱེད་ཀྱི་ཡོད། གཞི་གྲངས་ལས་མངོན་པར་གཞིགས་ན། མེ་འཁོར་འབབས་ཚུགས་ཀྱིས་ཉིན་རེར་ཆ་སྙོམས་འདོན་འཇུག་རླངས་འཁོར་350ཡན་རྒྱུན་འཁྱོངས་ཐུབ་པ་དང་། ལོ་རེའི་དངོས་ཟོག་འདོན་ཚད་ཏུན་ཁྲི་659ལས་བརྒལ་ཡོད་པ་དེས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་ཡོད་པ་རེད།(ཝུའུ་ཡུས་རེན་དང་།ཚེ་རིང་ནོར་བུ། ལི་ཧའེ་ཞ།)