གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 06ཚེས་05ཉིན། 09:41】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཉི་མ་མཚམས་གཅོད་ཀྱིས་འཁྲབ་སྟོན་བྱ་ཉེར་ཡོད་པའི་སློབ་མ་ཚོའི་འཁྲབ་ཆས་ཡག་པོ་གྱོན་ཡོད་མེད་ལ་ལྟ་བཞིན་པ།
“ལྷ་སའི་སྟོད་གཞས”ཀྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཉི་མ་མཚམས་གཅོད་ཆུང་དུས་ནས་བོད་ཀྱི་དམངས་ཁྲོད་གླུ་གར་རིག་གནས་སྒྱུ་རྩལ་ནང་མ་སྟོད་གཞས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱ་རྒྱུར་དགའ་པོ་ཡོད་ལ། ད་བར་དགའ་ཞེན་དེ་རྒྱུན་འཁྱོངས་བྱས་ཡོད།

འདི་ནི་ཉི་མ་མཚམས་གཅོད་ཀྱི་སློབ་མ་ཚོ་2026ལོའི་བོད་རང་སྐྱོང་ལྗོངས་ཀྱི“དྲུག་གཅིག”བྱིས་པའི་རིག་རྩལ་དགོང་ཚོགས་ལ་ཞུགས་པའི་གནས་ཚུལ་ཡིན་པ།
ད་ཆ་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་ཉི་མ་མཚམས་གཅོད་ཀྱིས་སྤྱི་ཕན་གྱི་སྒྱུ་རྩལ་སློབ་ཁྲིད་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་ཐོག་མཐའ་བར་གསུམ་དུ་བརྩིས་ནས། ནང་མ་སྟོད་གཞས་སློབ་ཁྲིད་བྱས་ཏེ་གནའ་བོའི་གླུ་གར་གྱི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱ་རྒྱུར་གཞོལ་ཡོད།