འཚོལ་བཤེར།   
藏文频道
2026ལོའི་ཟླ་6ཚེས་4ཉིན།

༄༅།།བོད་ལྗོངས་མངའ་རིས་སུ་གཙོད་བརྒྱ་ལ་ཉེ་བ་འཁོར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 06ཚེས་04ཉིན། 09:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     

ཉེ་ཆར། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཁོངས་རྒྱལ་ལམ་219རྒྱུད་ཀྱི་རི་ལྡེབས་སུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཙོད་བརྒྱ་ལ་ཉེ་བ་འཁོར་ཞིང་། དེ་དག་ཁྲོད་ཀྱི་ལ་ལས་མགོ་བོ་སྒུར་ནས་རྩྭ་བཟའ་བ་དང་ལ་ལས་དལ་དལ་ལྷོད་ལྷོད་ཀྱིས་ཕར་འགྲོ་ཚུར་འོང་བྱེད་པ་ལས་མུ་མཐའ་མེད་པའི་ས་མཐོའི་ཁྱོན་ཡངས་ས་གཞིར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་གྲུབ་ཡོད།