འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་26ཉིན།

ཟླ་བ་བཞི་པའི་ཟླ་མཇུག་བར།

༄༅།།རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་རྨང་གཞིའི་གློག་གསོག་སྒྲིག་བཀོད་བསྡོམས་འབོར་དུས་མཚུངས་ལས་47.4%འཕར་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་26ཉིན། 09:54】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་བཞི་པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་རྨང་གཞིའི་གློག་གསོག་སྒྲིག་བཀོད(ཡོ་ཆས)བསྡོམས་འབོར་ཁྲི་2195.5ཟིན་ནས་གློག་གསོག་སྒྲིག་བཀོད་ཀྱི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

     རྒྱལ་ཁབ་གློག་གསོག་སྒྲིག་བཀོད་ལྟ་ཞིབ་ཚད་ལེན་ཞབས་ཞུའི་ལས་སྟེགས་ཀྱི་གྲངས་གཞིར་གཞིགས་ན། ད་ལོའི་ཟླ་བ་བཞི་པའི་ཟླ་མཇུག་བར། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད(ཡོ་ཆས)བསྡོམས་འབོར་དུས་མཚུངས་ལས་47.4%འཕར་ཞིང་། དེའི་ནང་སྤྱི་པའི་གློག་གསོག་སྒྲིག་བཀོད(ཡོ་ཆས)ཁྲི་490.7ཟིན་པ་དེ་དུས་མཚུངས་ལས་29.6%འཕར་བ་དང་། སྤྱི་པའི་གློག་སྡོང་གི་ཚད་བཅད་ནུས་ཚད་ཆན་ཝ་དུང་ཕྱུར་2.37ཟིན་ནས་ཆ་སྙོམས་ནུས་ཚད་ཆན་ཝ་48.38ཙམ་ཟིན་ཡོད། མི་སྒེར་གྱི་གློག་གསོག་སྒྲིག་བཀོད(ཡོ་ཆས)ཁྲི་1704.8ཟིན་པ་དེ་དུས་མཚུངས་ལས་53.5%འཕར་བ་དང་མི་སྒེར་གྱི་གློག་གསོག་སྒྲིག་བཀོད་སྒྲིག་སྦྱོར་རེ་ཞུའི་གློག་སྤྱོད་ཤོང་ཚད་ཆན་ཧྥུའུ་ཨན་དུང་ཕྱུར་1.49ཟིན་ཡོད་པ་རེད།