འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་25ཉིན།

༄༅།།རང་རྒྱལ་གྱི་རྩ་ཆེའི་དངོས་རིགས་ཀྱི་ཕྱི་རོལ་རིགས་ཁྱུའི་གྲངས་འབོར་རྒྱུན་མཐུད་བསྐྱར་འཕར་བྱུང་བ།

རང་རྒྱལ་གྱི་རྩ་ཆེའི་དངོས་རིགས་ཀྱི་ཕྱི་རོལ་རིགས་ཁྱུའི་གྲངས་འབོར་རྒྱུན་མཐུད་བསྐྱར་འཕར་བྱུང་བ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་25ཉིན། 14:24】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོ་རེད། གསར་འགོད་པར་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་རྩ་ཆེའི་དངོས་རིགས་ཀྱི་ཕྱི་རོལ་རིགས་ཁྱུའི་གྲངས་འབོར་རྒྱུན་མཐུད་བསྐྱར་འཕར་བྱུང་སྟེ། སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིགས་200ལྷག་ཙམ་སླར་གསོའི་རང་བཞིན་གྱིས་མང་དུ་ཕྱིན་པ་དང་། སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་ཁག་100ལྷག་ཙམ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་ཐུབ་ཡོད་པ་རེད།

     ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་རི་སྐྱེས་སྲོག་ཆགས་འཚོ་གནས་བྱ་ཡུལ་དང་རི་སྐྱེས་རྩི་ཤིང་སྐྱེ་ཁུལ་གྱི་སྲུང་སྐྱོབ་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོབ་བྱ་ཡུལ་མ་ལག་དང་རྒྱལ་ཁབ་ཀྱི་རྩི་ཤིང་གླིང་མ་ལག་གང་མགྱོགས་འཛུགས་གཏོད་བྱས་པས། སྐྱེ་ཁམས་མ་ལག་གལ་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་སྤྱི་ཡོངས་རང་བཞིན་ལ་སྲུང་སྐྱོབ་ཐུབ་ཡོད། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རི་སྐྱེས་སྲོག་ཆགས་དང་། རི་སྐྱེས་རྩི་ཤིང་། དེ་བཞིན་སྐྱེ་ཁམས་དང་། ཚན་རིག སྤྱི་ཚོགས་བཅས་ཀྱི་རིན་ཐང་ཆེན་པོ་ལྡན་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་མིང་གཞུང་ལེགས་སྒྲིག་བྱས་ནས་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་སྐམ་སའི་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་རིགས་ཁྱུའི་གྲངས་འབོར་ལ་སྲུང་སྐྱོབ་ཐུབ་ཚད་80%ཡན་ཟིན་ཡོད་པ་རེད།