གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་13ཉིན། 08:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། རྨ་ཆུའི“ཆུ་གུག་རྟ་རྨིག་མ”ནས་ཁོར་ཆིན་གྱི་བྱེ་ཐང་བར་དང་། ཧུན་ཧྲན་ཏ་ཁེའི་བྱེ་ཐང་ནས་དཔལ་ལྡན་སྐྱིད་གླིང་བྱེ་ཐང་གི་མཐའ་འཁོར་བར། ནང་སོག་གི་ས་གནས་ཁག་གིས“བྱང་གསུམ”ལས་གྲྭའི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ལག་ལེན་བསྟར་བར་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན། ནང་སོག་གིས“བྱང་གསུམ”ལས་གྲྭའི་སྐྱེ་ཁམས་འཛུགས་སྐྱོང་ལས་འགན་གྱི་མུའུ་དུང་ཕྱུར་1.23ལེགས་སྒྲུབ་བྱས་པའི་ནང་མུའུ་ཁྲི་6688བྱེ་འགོག་བྱེ་བཅོས་བྱས་པའི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། བཅོས་སྐྱོང་ཟམ་མི་ཆད་པར་བྱས་པ་བརྒྱུད། ནང་སོག་གི་ནགས་ཚལ་ཁེབས་ཚད་21.98%ཟིན་པ་དེ་2021ལོ་ལས་བརྒྱ་ཆའི་གྲངས་1.19ཡིས་མཐོ་རུ་སོང་ཡོད་པ་དང་། རྩྭ་ཐང་ལ་ཕྱོགས་བསྡུས་རྩི་ཤིང་ཁེབས་ཚད་45.56%ཟིན་ནས་དུས་རབས་འདི་ཚུན་གྱི་ཆུ་ཚད་ཡག་ཤོས་བཏོད་ཡོད་པ་རེད།