འཚོལ་བཤེར།   
藏文频道
2026ལོའི་ཟླ་5ཚེས་13ཉིན།

ད་ལོའི་ཟླ་བ་3པའི་ཟླ་མཇུག་བར།

༄༅།།གཉེར་སྐྱོང་བྱེད་པོ་ཁྲི་4792.24ཡི་ཡིད་རྟོན་སླར་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2026ལོའི་ཟླ་ 05ཚེས་13ཉིན། 08:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ལས་ཆོད་ཆེན་པོས་ཡིད་རྟོན་སླར་གསོའི“དོན་གནད་གཅིག”ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ཟླ་བ་3པའི་ཟླ་མཇུག་བར། རིམ་རྩིས་བརྒྱབ་ན་གཉེར་སྐྱོང་བྱེད་པོ་ཁྲི་4792.24ཡི་ཡིད་རྟོན་སླར་གསོ་བྱས་ཡོད།

     ཡིད་རྟོན་སླར་གསོ་བྱེད་དོན་ནི་ཁ་དན་ཚིག་ལ་མ་གནས་པའི་ཁེ་ལས་ལ་རང་ངོས་ཀྱི་ཡིད་རྟོན་སླར་གསོའི་གོ་སྐབས་སྤྲད་དེ“ཁ་དན་ཚིག་ལ་མ་གནས་པའི་མིང་ཆད”མེད་པར་བཟོས་ནས་ཁྲོམ་རའི་འགྲན་རྩོད་ནང་སླར་ཡང་ཞུགས་པ་དང་ཁྲོམ་རའི་ཉོ་ཚོང་གི་གོ་སྐབས་སླར་གསོ་དང་མང་དུ་གཏོང་ཆེད་རེད།

    ལམ་ལུགས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་བསྟུན་ནས་གཉེར་སྐྱོང་བྱེད་པོ་དེ་བས་མང་བར་ཡིད་རྟོན་སླར་གསོའི་སྲིད་ཇུས་ཀྱི་ཕན་པ་ཐོབ་ཡོད། ན་ནིང་ཟླ་བ་3པར་ཁྲོམ་ར་ལྟ་འདོམས་ཀྱི་ཡིད་རྟོན་སླར་གསོའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ལས་སྟེགས་བསྐྲུན་པས“གཅིག་གྱུར་གྱི་འཇུག་སྒོ་དང་ཡུལ་གཞན་ནས་སླར་གསོ”མངོན་འགྱུར་བྱུང་སྟེ། ཞིང་ཆེན་སྒྲོལ་བའི་གྲངས་གཞི་བརྒྱུད་གཏོང་བགྲོད་ལམ་ནས“གྲངས་གཞི་མང་ཙམ་བརྒྱུད་གཏོང་དང་མང་ཚོགས་ཉུང་ཙམ་རྒྱུག་པའི”ལས་དོན་སྒྲུབ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་གཉེར་སྐྱོང་བྱེད་པོའི་དུས་ཚོད་དང་དཔལ་འབྱོར་གྱི་མ་གནས་གྲོན་ཆུང་ཐུབ་ཡོད།

     ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས《གཉེར་སྐྱོང་བྱེད་པོའི་ཡིད་རྟོན་སླར་གསོའི་རྒྱུ་ཆའི་རྣམ་གཞག་གི་བླང་བྱ》དང《གཉེར་སྐྱོང་བྱེད་པོའི་ཡིད་རྟོན་སླར་གསོའི་ཕན་འབྲས་ཀྱི་གདེང་འཇོག་ཕྱོགས་སྟོན》གྱི་རྒྱལ་ཁབ་ཀྱི་ཚད་གཞི་གཉིས་གང་མགྱོགས་བཏོན་ནས་ཁེ་ལས་ལ་ཚད་ལྡན་དང་། ནུས་ཆེ། དྲང་གཞག སྔོན་དཔག་ཐུབ་པ་བཅས་ཀྱི་ཡིད་རྟོན་སླར་གསོའི་ཁོར་ཡུག་བསྐྲུན་རྒྱུ་རེད།