གསར་འགྱུར་སྤེལ་དུས། 【2026ལོའི་ཟླ་ 05ཚེས་12ཉིན། 08:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱིས་བཟོས་ཟིན་པའི་གྲུ་གཟིངས་ཏུན་ཁྲི་1568བཟུང་བ་དེ་དུས་མཚུངས་ལས་46.0%འཕར་ནས་འཛམ་གླིང་སྤྱི་འབོར་གྱི་57.3%བཟུང་བ་དང་། མངགས་ཐོ་གསར་པ་དང་ལེན་བྱེད་ཚད་ཏུན་ཁྲི་5953ཟིན་པ་དེ་དུས་མཚུངས་ལས་195.2%འཕར་ནས་འཛམ་གླིང་སྤྱི་འབོར་གྱི་84.9%བཟུང་ཡོད། ཟླ་བ་གསུམ་པའི་ཟླ་མཇུག་བར། ལག་ཡོད་མངགས་ཐོའི་གྲངས་འབོར་ཏུན་ཁྲི་32230ཟིན་པ་དེ་དུས་མཚུངས་ལས་43.6%འཕར་ནས་འཛམ་གླིང་སྤྱི་འབོར་གྱི་69.8%བཟུང་ཡོད་པ་རེད། རང་རྒྱལ་གྱི་གྲུ་གཟིངས་བཟོ་བའི་དམིགས་ཚད་ཆེན་པོ་གསུམ་ཕྱོགས་ཡོངས་ནས་འཕར་ཏེ། རྒྱལ་སྤྱིའི་ཁྲོམ་རར་བཟུང་ཚད་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་མཁྱོངས་ཐུབ་ཡོད།